Wednesday, March 9, 2011

ནོ་ཁེ་ཡའི་བོད་ཅེས་པའི་ཁ་པར། nokia tibet



ནོ་ཁེ་ཡ་ཁ་པར་བཟོ་ལས་ཁང་གིས་བོད་ཅེས་པའི་ཁ་པར་ཞིག་བཟོས་ཡོད་འདུག ཁ་པར་དེའི་མེ་ལོང་གི་དབྱིབས་ནི་དཀྱིལ་འཁོར་ལྟར་གོར་བ་དང་། ཁ་དོག་ནི་གྲྭ་ཆས་ལྟར་སྨུག་པོ་ཡིན་པས་དེ་ནི་ཆོས་ལུགས་ཀྱི་ཁ་པར་ཁུངས་སུ་རྩིས་ཀྱི་ཡོད་འདུག ཁ་པར་དེ་ནི་མེ་ལོང་ངོས་རེག་ཅན་ཏེ་མེ་ལོང་སྟེང་མཛུབ་མོ་བསྣུན་ནས་སྤྱོད་ཐུབ་པ་དང་། ཕལ་ཆེར་བོད་ཡིག་བྲིས་རྒྱུ་ཡང་ཡོད་བཟོ་འདུག འོན་ཀྱང་ད་བར་ཁྲོམ་རའི་ནང་འཐོན་ཡོད་མི་འདུག

2 comments:

  1. འདི་ལྷམ་འདྲ་བོ་ཞིག་འདུག བཙུན་མའི་ལྷམ་འདྲ་བོ་རེད་འདུག

    ReplyDelete
  2. ཁ་པར་འདིར་ ཨམ་ཆོག་ཉན་ས་མི་འདུག་ ཁྲོམ་རར་སླེབས་ན་ ངས་གཏན་ནས་ཉོས་ས་མ་རེད་

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།