Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Saturday, December 31, 2011

ཨེན་ཌོའི་ཌེ་Android ཁ་པར་དང་དེའི་ནང་གི་བོད་ཡིག་གླེང་བ།

(སེམ་སུང་ཁ་པར་Galaxy pop GT-S5570ནང་གི་བོད་ཡིག)

སྤྱི་ཚོགས་ཀྱི་ཡར་རྒྱས་དང་བསྟུན་ནས་བོད་ཡིག་གི་གོམ་འགྲོས་ལྕགས་དཔར་དང་། དེ་ནས་གློག་ཀླད། ད་ཆ་ཁ་པར་གྱི་ནང་དུ་སླེབས་ཡོད་པ་ཚང་མས་ཤེས་གསལ་ཡིན། ཡིན་ནའང་། དེ་སྔ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནང་བོད་ཡིག་ཆ་ཚང་བ་དང་། ནོ་ཁེ་ཡའི་ཁ་པར་སྙིང་གྲལ་འགའི་ནང་བོད་ཡིག་འབྲི་ཀློག་ཐུབ་ཙམ་ཡོང་གི་ཡོད། ཡིན་ནའང་། སྤྱི་ཚོགས་ཀྱི་ཡར་རྒྱས་དང་བསྟུན་ནས་བོད་ཡིག་གི་གོམ་འགྲོས་ལྕགས་དཔར་དང་། དེ་ནས་གློག་ཀླད། ད་ཆ་ཁ་པར་གྱི་ནང་དུ་སླེབས་ཡོད་པ་ཚང་མས་ཤེས་གསལ་ཡིན། ཡིན་ནའང་། དེ་སྔ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནང་བོད་ཡིག་ཆ་ཚང་བ་དང་། ནོ་ཁེ་ཡའི་ཁ་པར་སྙིང་གྲལ་འགའི་ནང་བོད་ཡིག་འབྲི་ཀློག་ཐུབ་ཙམ་ཡོང་གི་ཡོད། ཡིན་ནའང་། ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནི་རིན་གོང་ཧ་ཅང་ཆེ་བས་དཔལ་འབྱོར་གྱི་གནས་བབ་འབྲིང་བའི་མིང་ཞིག་གིས་ཉོ་སྐབས་ཕྲ་ཞིང་། ནོ་ཁེ་ཡའི་ཁ་པར་སྙིང་གྲལ་དེ་འདྲ་ཞིག་ཉོ་རྒྱུ་དཀོན་པ་དང་། ཅི་སྟེ་ཉོས་ཀྱང་བོད་ཡིག་བླུགས་རྒྱུར་འགོག་རྐྱེན་ཆེ། དེ་མིན་དེ་སྔ་ནས་ཨེན་ཌོ་ཡེཌེ་ཁ་པར་ནང་བོད་ཡིག་ཡོང་རབས་བཤད་ཀྱང་། དེའི་ནང་བོད་ཡིག་བླུགས་པར་ཁ་པར་རུ་ཀྲི་rootཟེར་བ་བྱེད་དགོས་པ་དང་དེ་བྱས་རྗེས་ཁ་པར་གྱི་འགན་བཅོལ་མེད་པ་ཆགས་པ་སོགས་ཀྱི་དཀའ་ངལ་ཆེ། ཡིན་ནའང་དེ་ཆ་སྟབས་ལེགས་པ་ཞིག་ལ་སྨོན་ལམ་བོད་ཡིག་ཨེན་ཌོའི་ཌེ་androidམཉེན་ཆས་ཅན་གྱི་སེམ་སུང་Samsung ཁ་པར་ནང་བདེ་བླག་ཏུ་སྤྱོད་ཐུབ་ཀྱི་འདུག ངས་ད་ལྟ་སེམ་སུང་ཁ་པར་Galaxy pop GT-S5570 ནང་ཚོད་བལྟ་བྱས་པས་ལེགས་གྲུབ་བྱུང་སོང་། གོང་གསལ་ཨེན་ཌོའི་ཌེ་མཉེན་ཆས་ཅན་གྱི་སེམ་སུང་གི་ཁ་པར་དེ་ནི་ཧིན་སྒོར་༧༠༠༠ ཡན་མན་ནང་ཉོ་ཐུབ་ཀྱི་ཡོད་ཅིང་། དེ་བས་གོང་ཆེ་བ་ཨེན་ཌོའི་ཌེ་མཉེན་ཆས་ཅན་གྱི་སེམ་སུང་གི་ཁ་པར་ཧིན་སྒོར་༣༠༠༠༠ ཡན་མན་དེ་འདྲའང་ཡོད། ཡིན་ནའང་ད་ཐེངས་ཀྱི་བོད་ཡིག་དེ་ཨེན་ཌོའི་ཌེ་ཁ་པར་ནང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནང་དུ་འཆར་བ་བཞིན་མིན་འདུག་པ། དེ་སྔ་ནོ་ཁེ་ཡའི་ཁ་པར་ནང་དུ་འཆར་བ་བཞིན་ཡ་བཏགས་ར་བཏགས་གོང་གི་ཡི་གེར་སྦྱར་སོང་བ་དེ་འདྲ་རེད། འོན་ཀྱང་ང་ཚོས་བོད་ཡིག་བྲིས་ཀློག་ཐུབ་པ་དང་འཕྲིན་ཐུང་བསྐུར་ཐུབ་པ་སོགས་ཡོང་གི་འདུག

ལེགས་ཆ།
༡ བོད་ཡིག་དྲ་རྒྱ་བལྟ་ཐུབ་པ། ༢ འཕྲིན་ཐུང་གཏོང་ཀློག་ཐུབ་པ། ༣ བོད་ཡིག་གི་མཛུབ་བསྣོན་འཆར་བ།

ཞེན་ཆ།
༡ བོད་ཡིག་གི་ཡ་བཏགས་སོགས་སྒང་གི་ཡི་གེ་དང་འདྲེས་འགྲོ་བ། ༢ བོད་ཡིག་གི་མཛུབ་བསྣོན་གློག་ཀླད་ལྟར་མེད་པར་ཀ་མད་གོ་རིམ་དུ་བཀོད་པ། ༣ བོད་ཡིག་གི་མཛུབ་བསྣོན་མཉེན་ཆས་ལོགས་སུ་མེད་པ།

14 comments:

  1. wow that is great . i love to know that

    ReplyDelete
  2. ངས་ནི་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་རྡ་སར་འབྱོར་བ་དང་། ལམ་སྟོན་ཞུ་ནས་ཁ་པར་དེ་འདྲ་ཞིག་ཉོ་དགོས་བསམ་བསྡད་ཡོད།

    ReplyDelete
  3. samsung galaxy ace དང་ galaxy mini གཉིས་ཡག་པོ་ཡོད་པ་འདྲ།

    ReplyDelete
  4. ར་ས་ཕོ་ཉ་ལགས་བདེ་མོ། ངས་འདིར་ཁྱེད་ལ་དྲི་བ་ཞིག་འདྲི་ཆོག་པ་བྱོས། སེམ་སུང་ཁ་པར་ནང་བོད་ཡིག་བླུག་སྐབས་དང་པོ་ཕབ་ལེན་བྱེད་སྟངས་དང་། སྒྲིགས་འཛུགས་བྱེད་སྟངས་སོགས་འདྲ་པར་དང་མཉམ་དུ་དྲ་ངོས་སུ་བསྟོན་རོགས་གནང་། རྒྱུ་མཚན་ངས་སེམ་སུང་ཞིག་ཉོས་ནས་བོད་ཡིག་བླུག་པར་འབད་རྩོན་བྱས་མོད། མི་ཤེས་གི དེས་ན་དང་ང་ལྟ་བུ་མང་པོ་ཞིག་ལ་ཕན་ཐོག་ཆེན་པོ་ཡོད་ས་རེད། ཐུགས་རྗེ་ཆེ། ཨ་བཙན་པོ་ནས།

    ReplyDelete
  5. གྲོགས་པོ་ཨ་བཙན་ལགས། ཨེན་ཌོའི་ཌེ་མཉེན་ཆས་ཅན་གྱི་སེམ་སུང་ཁ་པར་ནང་དང་པོ་བོད་ཡིག་སོགས་བླུགས་པར། མཉེན་ཆས་ཕབ་ལེན་བྱེད་སའི་ཨེན་ཌོའི་ཌེ་ཁྲོམ་ར་Android market ཞེས་པའི་མཉེན་ཆས་ཞིག་ཁ་པར་ནང་རང་ཆས་སུ་ཡོད་པ་དེ་སྒོ་ཕྱེ་དགོས། དེའི་ནང་དུ་འཛུལ་རྗེས་གྷོ་གྷོལ་googleལམ་ཇི་མེལ་gmailགྱི་ཐོ་བྱང་account(ཁྱེད་ལ་མེད་ན་གསར་དུ་བཟོས།)གྱི་ལམ་ནས་མཉེན་ཆས་ཕབ་ལེན་བྱེད་དགོས་པ་ཡིན། ཕབ་ལེན་བྱེད་དགོས་པའི་མཉེན་ཆས་ནི་སྨོན་ལམ་བོད་MonlamBodyigདང་multiling ཞེས་པའི་མཛུབ་བསྣོན་གཉིས་ཡིན། ཕབ་ལེན་བྱས་རྗེས་སྒྲིག་ཚུལ་ཞིབ་པར་གཤམ་གསལ་ཟིན་བྲིས་ནང་འདུག་པས་དེར་གཟིགས་རོགས།

    http://www.kyareng.org/2011/12/blog-post_1229.html

    ReplyDelete
  6. ར་ས་ཕོ་ཉ་ལགས་ལན་མགྱོགས་པོར་བཞག་པར་ཐུགས་རྗེ་ཆེ། ད་དུང་དཀའ་ངལ་ཞིག་འདུག ཕབ་ལེན་དང་། ཚིག་མཛོད་ནང་འཇུག་སོགས་འགྲིགས་སོང་མོད། ད་མཛུབ་གནོན་བསྒྱུར་མི་ཐུབ་གི ལམ་སྟོན་ཞིག་གནང་རོགས། ངའི་ཁ་པར་androidཅན་གྱི་སེམ་སུང་Galaxy R ཅན་དེ་རེད་ལགས།

    ReplyDelete
  7. Multiling keyboard ཞེས་པའི་མཉེན་ཆས་དེ་སྒོ་ཕྱེ་ནས། དེའི་ནང་གི་ཨང་༢ པའི་ནང་ནས་multiling keyboard འདེམས་དགོས། དེའི་རྗེས་ཁ་པར་བསད་ནས་སྤར་དགོས་པ་དང་། དེ་ནས་མཛུབ་བསྣོན་གྱི་space སྟེང་བསྣུན་ནས་བསྡད་དང་བོད་ཡིག་ཞེས་པ་འཐོན་ཡོང་བས། དེ་འདེམས་དང་འགྲིགས་པ་ཡིན།

    ReplyDelete
  8. ཁ་པར་དུ་བོད་ཡིག་མི་ཤར་བར་གྲུ་བཞི་རྐྱང་རྐྱང་ཤར་དུས་ག་རེ་མ་འགྲིག་པ་རེད

    ReplyDelete
  9. Display setting ནང་ནས་font style དེ་སྨོན་ལམ་བོད་ཡིག་སྒང་བཞག་དགོས།

    ReplyDelete
  10. ནོ་ཁེ་ཡ་ནང་བོད་ཡིག་འཆར་བྱེད་ཀྱི་གཉེན་ཆས་Opera Miniའདི་ཕབ་ལེན་བྱས་ཟིན་འོན་ཀྱང་ད་ཇི་ཞིག་བྱེད་དགོས་པ་རེད་ལམ་སྟོན་ཞིག་གནང་རོགས་ཞུ་ལགས། ཐུགས་རྗེ་ཆེ

    ReplyDelete
  11. ར་ས་ལེགས། Samsung GALAXY Player བོད་ཡིག་གི་ཐེབ་གཞུང་ཐོག་གསལ་ཁ་ཤེས་ཞིག་མདོག་སྔོན་པོ་དང་ཐེབ་ཙི་དེས་སྟང་དུ་། འདུག་ལ་རྒྱག་ཡང་ཐུབ་གི་མི་འདུག་། དེ་ག་རེད་བྱེད་དགོས་བ་རེད།

    ReplyDelete
  12. འཐེབ་གཞོང་སྟེང་གི་ཡི་གེ་སྔོན་པོ་དེ་ཚོ་རྒྱག་དུས་་་མཛུབ་བསྣོན་དེ་གནན་ནས་ཅུང་ཟད་བསྡད་དགོས། (hold keys little more)

    ReplyDelete
  13. sonyXPERIA-android ནང་དུ་བོད་ཡིག་འཇུག་ཐབས་ཤིག་ཨ་ཡོད་ན་ལམ་སྟོན་ཞིག་གནང་རོགས། གལ་ཏེ་འཇུག་ཐབས་ཤིག་ཡོད་ཚེ་རི་མོའི་ལམ་ནས་ངོ་སྤྲོད་ཅིག་ཡོང་བ་མཁྱེནད། །
    ཚེ་དོན་ནས།

    ReplyDelete
  14. ཁ་པར་ཉོ་སྐབས་ཡིད་གཟབ་བྱོས།
    ད་ཐེངས་ཁོ་བོས་ཁྱེད་ལ་ཁ་པར་ཉོ་དུས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་གི་སྐོར་བཤད་པར་བྱ། སྤྱིར་ཁ་པར་ཉོ་དུས་དོ་སྣང་བྱ་ས་ཧ་ཅང་མོད་དེ་རིང་བདག་གིས་གླེང་རྒྱུ་ནི་ཨན་ཌོ་མ་ལག་ཅན་གྱི་ཁ་པར་(samsung)་སོགས་ཡིན། ད་ཆ་ང་ཚོ་བོད་མི་མང་པོས་ཨན་ཌོ་མ་ལག་ཅན་གྱི་ཁ་པར་ཉོ་བཞིན་ཡོད། འདི་ནི་ལོས་ཡིན་ཏེ་ཨན་ཌོ་མ་ལག་ཅན་གྱི་ཁ་པར་ཁག་ལ་མཐུན་རྐྱེན་སྣ་འཛོམས་ཤིང་གོང་ཚད་མཐོ་དམན་འདྲ་མིན་ཡོད་པས་རང་ལ་དཔག་ཚད་ཀྱིས་ཉོ་ཐུབ་པ་རེད། ད་དུང་གལ་ཆེ་བ་ཞིག་ནི་ཁ་པར་དེའི་རིགས་ལ་བོད་ཡིག་བཀོལ་སྤྱོད་བྱེད་ཐུབ་པ་དེ་ཡིན། འདི་ནི་རང་ཅག་ལ་མཚོན་ན་ཧ་ཅང་དགའ་འོས་པའི་དོན་དག་ཅིག་རེད། ད་སྔར་ཤེས་གསལ་བཞིན་ཨན་ཌོ་མ་ལག་ཐོག་སྐུ་ཞབས་སྨོན་ལམ་གྱིས་བོད་ཡིག་དང་མཛུབ་མནོན་གཉིས་གསར་བཟོ་བྱས་ཏེ་རང་ཅག་གི་དབར་བོད་ཡིག་གི་ལམ་ནས་འཕྲིན་ཐུང་དང་གློག་འཕྲིན་བསྐུར་རེས་བྱེད་ཆོག་པའི་ཉིན་མོ་གསར་པ་ཞིག་འཆར་ཡོད། དེ་ལྟར་ནའང་དཀའ་ཁག་ཅིག་བྱུང་ཡོད་པ་ནི་བོད་ཡིག་མགོ་འདོགས་ཅན་དག་འབྱར་ནས་ལྟ་ཀློག་བྱེད་སྐབས་མི་བདེ་བ་ཞིག་ཡོད་པ་རེད། འདི་ལོ་ནས་བཟུང་དེ་ཨན་ཌོ་ཐོན་རིམ་ ༤·༡ཡན་ལ་སླེབས་པའི་(samsung)ཁ་པར་གསར་པ་འགའ་ཞིག་ཁྲོམ་རྭར་བཀྲམས་ཡོད་ལ་ཐོན་རིམ་༤·༠མན་གྱི་(samsung)ཁ་པར་རྙིང་པ་གང་མང་ཞིག་གི་ཨན་ཌོ་ཐོན་རིམ་བསྐྱར་གསོ་བྱས་ཏེ་༤·༡ཡན་ལ་འཇོག་པ་བྱུང་ཡོད། ཨན་ཌོ་ཐོན་རིམ་༤·༡ཡན་ལ་སླེབས་པའི་(samsung) ཁ་པར་ཁག་ལ་དེ་སྔའི་བོད་ཡིག་མགོ་འདོགས་འབྱར་འགྲོ་བའི་དཀའ་ངལ་དེ་སེལ་ཐབས་རྙེད་ཡོད། iFont མཉེན་ཆས་དེ་ཕབ་ལེན་བྱས་ནས་དེའི་ནང་གི་Buten Tibetan དང་ Himalaya Tibetan ཞེས་པ་འདི་གཉིས་ནང་འཇུག་བྱས་ན་གོང་གི་དཀའ་ཁག་དེ་ཡོངས་སུ་བསལ་ནས་ཁྱེད་ཀྱིས་བདེ་སླག་ངང་འཕྲིན་ཐུང་སྐུར་རེས་བྱེད་ཆོག ཁྱེད་ཀྱིས་ད་ནི་དཀའ་ཅི་ཡོངས་མེད་པར་བོད་ཡིག་བཀོལ་སྤྱོད་བྱེད་པ་ཨེ་རེད་དྲིས་ན་བདག་གིས་མགོ་བོ་ཕྲད་ལ་གཡུག་ནས་ད་དུང་དཀའ་ངལ་ཁག་ཅིག་ཡོད་ཅེས་ལེན་བཏབ་རྒྱུ་ཡིན། དཔེར་ན། (google) འཚོལ་བཤེར་ནས་བོད་ཡིག་དྲ་ཚིགས་ཁག་ལྟ་ཀློག་བྱེད་མི་ཐུབ་པ་དང་། འཕྲིན་ཕྲན་ནང་ནས་བོད་ཡིག་དྲ་ཚིགས་ཁག་ལྟ་ཀློག་བྱེད་མི་ཐུབ། དཀའ་ངལ་འདི་སེལ་ཐབས་གཏན་ནས་་མེད་པ་ཞིག་མ་རེད། ཁྱེད་ཀྱིས་དཀའ་ཁག་འདི་ལས་གྲོལ་འདོད་ན་(རོག་ཊི་Roootཟེར་བ་འདི་ཅི་རེད།) ཅེས་པའི་བདག་གི་རྩོམ་ཡིག་ལ་ལྟ་རོགས།
    -སྲོང་བཙན།

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com