Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Monday, March 21, 2011

བརྒལ་ལན་ཉི་ཤུ་པ་ཞེས་བྱ་བ་བཞུགས་སོ།.

འབའ་པ་སངས་རྒྱས་ཚེ་རིང་།

འཇམ་དཔལ་དབྱངས་དངོས་འཇམ་མགོན་བླ་མ་ལ།།
རབ་དཀར་ཡིད་ཀྱིས་རབ་མང་གུས་བཏུད་དེ།།
འགལ་མེད་འགལ་བར་བྱས་པའི་རྩོད་པ་རུ།།
གནད་ཁེལ་གནད་བསྡུས་ལན་གྱི་གླེང་མོ་བྱ།།

རྩོད་པ། ༼༡༽.ཡུལ་ཀུན་རྫུན་དང་ཡུལ་ཅན་བསླུ་མེད་འགལ།།

ལན། ཞྭ་སེར་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ།།
འདུ་བྱེད་ཆོས་ཀུན་བསླུ་དང་རྫུན་པ་ནི།།
རྩ་ཤེར་ཇི་བཞིན་བཞེད་པས་ཡུལ་ཅན་དག།
བསླུ་མེད་འདོད་ཟེར་རྫུན་གྱི་རི་མོ་ཙམ།།


རྩོད་པ། ༼༢༽ཡུལ་དེར་འཁྲུལ་དང་དེ་ལ་ཚད་མ་འགལ།. །

ལན།. འཇིག་རྟེན་ཤེས་པས་རང་ཡུལ་བདེན་གྲུབ་ཏུ།།
སྣང་བས་འཁྲུལ་ཡང་བཟང་ངན་ཇི་གཞལ་ལྟར།།
བྱ་བྱེད་ནུས་ཕྱིར་ཡུལ་དེར་ཚད་འཁྲུལ་ཟུང་།།
འཐད་ཅིང་གཞན་ཡང་རིགས་པ་དུ་མས་གྲུབ།།


རྩོད་པ། ༼༣༽རྗེས་དཔག་ཡོད་དང་སྒྲུབ་ངག་མེད་པ་འགལ།. །

ལན། ལུགས་མཆོག་འདི་ལ་སྒྲུབ་ངག་གཏན་མེད་དུ།།
ཟུར་ཙམ་བློ་བཟང་གྲགས་པས་མ་གསུང་བས།།
གཞི་མེད་འགལ་བ་བསྒྲིགས་པའི་ངལ་བ་འདི།།
བླུན་པོ་མགོ་བོ་བསྐོར་བའི་གཏམ་དུ་ཟད།།

རྩོད་པ། ༼༤༽མཐུན་སྣང་མེད་དང་ཆོས་ཅན་ཚད་གྲུབ་འགལ། །

ལན།. རང་བཞིན་ཡོད་མེད་རྩོད་ཚེ་ཆོས་ཅན་ནི།།
མཐུན་སྣངཡོད་པ་མིན་དང་ཆོས་ཅན་གང།།
ཚད་གྲུབ་འདོད་གཉིས་མི་འདྲ་ཤར་ནུབ་བཞིན།།
ཞིབ་པ་མཁས་པའི་གཞུང་ལ་བལྟས་ན་ཤེས།།

རྩོད་པ། ༼༥༽ཕྱི་དོན་ཚད་གྲུབ་རྡུལ་ཕྲན་ཆ་བཅས་འགལ།།

ལན། རྡུལ་ཕྲན་ལ་སོགས་ཆོས་ཀུན་ཆ་བཅས་ཀྱང།།
ཕྱི་དོན་གྲུབ་ཚད་བྱེ་མདོ་ཐལ་འགྱུར་བ།།
མཚུངས་མིན་ཕྱིར་ན་ཕྱི་དོན་ཁས་བླང་ཆོག།
ཁྱེད་ནི་དེ་དག་གཅིག་ཏུ་བཟུང་བས་ནོངས།།


རྩོད་པ། ༼༦༽ རིགས་དྲུག་ཚད་མ་རྡོས་བཅས་ཚད་གྲུབ་འགལ།. །

ལན། རྒྱུད་བསྡུས་གཟུཊ་སོཊ་རྡོས་བཅས་ཕུང་པོ་དག།
ལས་ལས་གྲུབ་པ་རྒྱལ་བས་གཟིཊ་ནས་གསུངས།།
དེས་ན་ཚད་གྲུབ་རིཊ་དྲུག་ཚད་མས་ཀྱང་།།
གཞལ་བར་བཞེད་པས་འགལ་བ་ག་ལ་སྲིད།།

རྩོད་པ། ༼༧༽ སྐྲ་ཤད་མེད་དང་ཀླུང་རྣག་ཡོད་པ་འགལ།. །

ལན། ལོག་པས་བཏགས་པའི་སྐྲ་ཤད་མེད་པ་དང་།།
ལས་ལས་གྲུབ་པའི་ཀླུང་རྣག་ཡོད་པ་གཉིས།།
འགལ་བ་མ་ཡིན་བསམ་མི་ཁྱབ་པ་བཞིའི།།
དོན་ལ་སེམས་ན་ལོག་རྟོག་རང་སར་ཡལ།།

རྩོད་པ། ༼༨༽ རྫས་གྲུབ་མེད་དང་དངོས་པོ་ཡོད་པ་འགལ།།

ལན། ཟླ་བས་རང་དབང་གྲུབ་དང་རྫས་སུ་གྲུབ།།
མིང་གི་རྣམ་གྲངས་བཞི་བརྒྱའི་འགྲེལ་ལས་གསུངས།།
དེ་ཕྱིར་རྫས་གྲུབ་མེད་ཀྱང་དངོས་པའི་ཆོས།།
ཡོད་པ་རིཊ་མང་གིས་གྲུབ་འགལ་བ་མིན།།

རྩོད་པ། ༼༩༽ གཞན་སྐྱེས་མེད་དང་ས་མྱུག་རྫས་གཞན་འགལ།།

རང་བཞིན་གྱིས་གྲུབ་ས་བོན་མྱུ་གུ་གཉིས།།
བསྐྱེད་བྱ་སྐྱེད་བྱེད་མིན་པས་གཞན་སྐྱེ་མེད།།
རྫུན་པའི་ས་མྱུག་ངོ་བོ་ཐ་དད་ཙམ།།
བཞེད་པས་གཞན་སྐྱེ་མེད་ལ་ཅིའི་ཕྱིར་གནོད།།

རྩོད་པ། ༼༡༠༽ བདེན་རྫུན་ཡོད་དང་ཡང་ལོག་མེད་པ་འགལ།།

ལན། ཤེས་བྱ་ལ་ཕྱེ་བདེན་རྫུན་ཡོད་པ་དང།།
ཀུན་རྫོབ་བདེན་ལ་ཡང་ལོག་མེད་པ་གཉིས།།
ཆ་ཙམ་མི་འགལ་རྩོད་པའི་འཁྲུལ་རྒྱུ་ནི།།
དབྱེ་གཞི་གཅིག་ཏུ་ཞེན་པའི་ངན་རྟོག་གོ།

རྩོད་པ། ༼༡༡༽ ཡན་ལག་ལ་དཔྱད་བུམ་པ་མི་རྙེད་དང་། །སྐད་ཅིག་ལ་དཔྱད་ཞིག་པ་རྙེད་པ་འགལ།།

ལན། དེ་གཉིས་རྙེད་དང་མི་རྙེད་ཁྱབ་མཉམ་པར།།
མི་མཉམ་བསྟན་པ་རྒྱལ་བ་གཉིས་པའི་གསུང་།།
བསྟན་དུ་ཡོད་ན་མཁས་པ་ལོ་ཙྭ་བར།།
ཀུན་ལས་རྣམ་པར་རྒྱལ་བའི་བདེན་ཁ་ཕུལ།།

རྩོད་པ། ༼༡༢༽རང་རྒྱུད་སྨྲ་བས་རང་བཞིན་སྨྲ་བ་དང་།. །རང་བཞིན་མེད་བློ་དེ་ངོར་གྲུབ་པ་འགལ།།

ལན། རང་རྒྱུད་ལུགས་ལ་རང་བཞིན་མེད་པའི་བློ།།
ཡོད་པ་མི་བཞེད་ལུགས་མཆོག་ཐལ་འགྱུར་བས།།
རང་བཞིན་གྲུབ་ལ་ཐལ་བ་འཕེན་པའི་ཚེ།།
བསམ་ན་ཕྱོགས་སྔའི་དགོངས་པ་མ་ལོན་སྐྱོན།།

རྩོད་པ། ༼༡༣༽ཉོན་མོངས་ཅན་མིན་མ་རིག་ཡོད་པ་དང་། །ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པ་འགལ།།

ལན། འབད་མེད་བདེན་གཉིས་ཅིག་ཅར་མངོན་སུམ་དུ།།
གཟིཊ་ལ་སྒྲིབ་བྱེད་ཕྲ་བར་མ་རིག་ཅེས།།
བཏགས་པ་གང་དེ་ཤེས་པ་དངོས་མིན་པས།།
འགལ་བ་ཆ་ཙམ་དེ་ལ་སྲིད་མ་ཡིན།།

རྩོད་པ། ༼༡༤༽གཞུང་གཞན་ནས་བཤད་ཀུན་གཞི་རང་རིག་སོཊ། །འགོག་ན་དེ་དག་རང་ལུཊ་མི་འདོད་དང་། །སྡེ་བདུན་ནས་གསུངས་ཚད་མ་མི་འདོད་ཀྱང་། །རང་ལུཊ་ཚད་མའི་རྣམ་གཞག་ཤེས་པ་འགལ།།

ལན། འཇུག་པ་སོཊ་ལས་ཀུན་གཞི་རང་རིག་རྣམས།།
འགོག་པ་མང་བས་རང་ལུཊ་དེ་ཡོད་མིན།།
ཚད་མ་བཞེད་ཀྱང་ཚད་མའི་འཇོག་བྱེད་ལ།།
སྡེ་བདུན་ཇི་བཞིན་མིན་པས་ཅི་ཕྱིར་འགལ།།

རྩོད་པ། ༼༡༥༽མི་རྟག་སོཊ་རྟོཊ་རྣལ་འབྱོར་མངོན་སུམ་དང་། །དེ་ཡིས་སྦྱོར་་ལམ་རྟོགས་པ་མི་སླེབ་འགལ།།

ལན། བདེན་གྲུབ་་འདོད་ལའང་རྣལ་འབྱོར་མངོན་སུམ་ཙམ།།
སྐྱེས་བས་སྦྱོར་ལམ་ཐོབ་པ་མི་དགོས་སྟེ།།
ཞིབ་ཏུ་འཇུག་པ་རྩ་འགྲེལ་སྤྱོད་འཇུག་བཅས།།
གཟིཊ་ན་འགལ་མིན་ད་གདོད་ཤེས་པར་འགྱུར།།

རྩོད་པ། ༼༡༦༽གཞན་སེམས་ཤེས་པ་ཡིད་མངོན་ཡིན་པ་དང་། །བདེན་བཞི་ཤེས་པ་རྣལ་འབྱོར་མངོན་སུམ་འགལ།།

ལན། མཉམ་པ་མ་གཞག་མཁས་པའི་རྩོད་པ་ལ།།
ཚིག་དང་དོན་ཐོབ་གང་ལ་སེམས་ན་ཡང་།།
བྱིས་པའི་བླ་རྡོལ་ཚིག་གི་རྗེས་འགྲོ་བ།།
བལྟས་ཙམ་ཤེས་བས་ལན་གྱིས་ཅི་ཞིག་བྱ།།

རྩོད་པ། ༼༡༧༽ཀུན་མཁྱེན་ཡེ་ཤེས་ཆོས་ཀུན་འཇལ་བ་དང་། །ཤེས་བྱ་ཕྱེད་ལ་ཚད་མ་མིན་པ་འགལ།།

ལན། ཇི་སྙེད་མཁྱེན་པས་ཆོས་ཀུན་གཟིཊ་པ་དང་།།
ཀུན་རྫོབ་གཟིཊ་ངོར་དོན་དམ་མ་གཟིཊ་པ།།
འགལ་བ་མ་ཡིན་དོན་དམ་ཐ་སྙད་ལ།།
དཔྱོད་བྱེད་བློ་གཉིས་ཡུལ་ལ་ལྟོས་ནས་འཇོག།

རྩོད་པ། ༼༡༨༽རྫས་ཡོད་བདག་སྨྲ་གནས་མ་བུར་ངེས་དང་།།རྣམ་ཤེས་བདག་སྨྲའི་དབུ་སེམས་ཡོད་པ་འགལ།།

ལན། རྣམ་ཤེས་བདག་སྨྲའི་དབུ་སེམས་བཞེད་ན་ཡང་།།
དེ་དག་ལུཊ་ལ་བརྗོད་དུ་མེད་པའི་བདག།
རྫས་ཡོད་མ་དམིཊ་འདི་འདོད་རང་སྡེ་ལ།།
གནས་མ་བུར་ངེས་གསུངས་ལ་འགལ་ཅི་ཡོད།།

རྩོམ་གྱི་རྒྱུ་གསུམ་མ་ཚང་རྩོམ་ཡིག་འདིར།།
འཁྲུལ་པ་ཅི་སྣང་འཁྲུལ་བྲལ་མཁས་ལ་བཤཊ།།
ལེཊ་མཆིས་དགེ་བས་ལེཊ་པའི་བསྟན་པ་ལ།།
ལོག་པར་བཟུང་བའི་ལོག་རྟོག་སེལ་བར་ཤོག།

ཅེས་མཁས་དབང་སྟག་ཚང་ལོ་ཙྭ་བས་རྗེ་ཙོང་ཁ་པ་ལ་འགལ་འཁུར་བཅོ་བརྒྱད་དུ་གྲཊ་པ་བསྒྲིཊ་པའི་ལན་དུ་གསོལ་བ་བརྒལ་ལན་ཉི་ཤུ་པ་ཞེས་བྱ་བ་འདི་ཉིད་འབྲས་ཕ་ར་དགེ་སློང་སངས་རྒྱས་ཚེ་རིང་གིས་ཆུ་ལུག་དབྱུག་གུ་ཟླའི་དཀར་ཕྱོཊ་རྒྱལ་བ་གསུམ་པ་ཉིན་མོན་གྷོར་འབྲས་སྤུངས་ཆོས་སྡེའི་རང་ཤག་ཚ་རླབས་ཕྱུར་བའི་ལྡིང་ཁང་དུ་བྲིས་པའོ།།

1 comment:

  1. བརྒལ་ལན་ཉི་ཤུའི་རིགས་པའི་ཚ་རླབས་འདི། །
    འབྱུང་བའི་ཚ་རླབས་འཕྱུར་བའི་ལྡིང་ཁང་ནས། །
    ཆུ་གཏེར་རླབས་བཞིན་མཁའ་ལ་འཕྱུར་ནས་ནི། །
    དུས་ཀྱིས་ཆོད་པའི་བརྒལ་བརྟག་ལན་དུ་བསྙེགས། །
    སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན་གྱིས།

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com