Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Monday, January 25, 2016

དགུན་དུས་ཀྱི་མེ་ཏོག

ལས་ཀྱིས་བྱིན་པའི་གྲང་ངར་གཡོལ་མེད་དུ།།
 རེ་བའི་རྟ་བདུན་སྤྲིན་ནག་མུན་པས་བསྒྲིབས།།
 ཐབས་ཟད་ལམ་ཕྲན་ཉིད་ལས་སྨོན་འདོན་བཞིན།།
 དབྱར་གྱི་ལྗང་འདབ་གོས་གསར་རེ་སྒུག་བྱེད།། 

བདེ་བའི་གཉིད་ཀྱང་སད་ཀྱིས་བཅོམ་པ་དང་།།
དགུང་གི་རྟ་བདུན་རྡུལ་གྱིས་མྱུར་བར་བཏུམ།།
ལས་ཀྱིས་བརྙས་པའི་དགུན་དུས་མེ་ཏོག་ང་།།
དཔྱིད་ཀའི་བསོད་ནམས་མེད་པར་ཡིད་རེ་སྐྱོ།། 

ལུས་ལ་ལྗང་ལོའི་གོས་གསར་མེད་བཞིན་དུ།།
སྙིང་གི་ཕྲག་རྒྱུན་ཆུ་ཡང་དགྲ་རུ་འགྱུར།།
ཤི་གསོན་དབྱེར་མེད་འཚོ་དགོས་མི་ཚེ་འདིར།།
ལས་དབང་ཁྱེད་ཀྱིས་སྙིང་རྗེ་མི་སྐྱེས་སམ།། 

ལས་ཀྱི་འབྲས་བུ་མི་ཟད་དཔེ་བཞིན་དུ།།
བསོད་ནམས་ཉིད་ཀྱིས་འདྲེན་པའི་ལམ་ཕྲན་འདིར།།
སྐྱོ་གདུང་ལྕིའང་ཕྱི་མར་དམིགས་པ་ཡིས།།
དྲི་ཞིམ་ཚོགས་བསགས་རྟག་ཏུ་དེ་བས་བརྩོན།།
 བུ་ཆུང་གིས་ ༢༠༡༦།༡།༢༥

4 comments:

  1. དབྱིན་དགེ་ཞིག་གིས་བོད་ཡིག་ལ་བཅངས་བའི་དུང་ཞེན་ཉིད་ལས་བྲིས་པའི་ཚོར་བའི་ཡིག་འབྲུ་འདི་ཉིད་ལ་ནོར་བ་གང་མང་ཡོད་ངེས་པས། དྲ་གྲོགས་རྣམ་པ་ཚོས་ལམ་སྟོན་གང་མང་ཡོང་བའི་རེ་འདུན་ཞུ།

    ReplyDelete
  2. རྩོམ་ཡིག་དེ་འདྲའི་རིགས་མུ་འཐུད་བཀོད་རོགས།

    ReplyDelete
  3. ཡག་པོ་འདུག

    ReplyDelete
  4. ཐུགས་རྗེ་ཆེ།

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com