Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Wednesday, January 18, 2012

ཡིག་ཆ་ཁག་ལས་འབོར་གྱིན་པའི་དཔའ་བོ་བཀྲ་བྷེ་ལགས།

སྦྲ་རིགས་ཐོགས་མེད།

ལོ་རྒྱུས་ཤིག་ལ་མཚོན་ན་ལོ་ཚིགས་དང་གྲངས་ཀ་སོགས་ནི་ཧ་ཅང་གལ་ཆེ་བའི་ལོ་རྒྱུས་དངོས་དོན་ར་སྤྲོད་ཀྱི་ལྡེ་མིག་ཡིན། དེ་བཞིན་རང་རེ་བོད་ཀྱི་རང་ལུས་མེ་བསྲེག་གི་ཞི་རྒོལ་འཐབ་རྩོད་འདིར་མཚོན་ནའང་གཞུང་འབྲེལ་ཡིན་མིན་ཚང་མས་ཐུན་མོང་གི་གྲངས་ཀ་གསལ་བོ་ཞིག་གཞི་རྩར་བཞག་ནས་ལོ་རྒྱུས་ཡིག་ཚགས་སུ་ཉར་དགོས་པ་ཧ་ཅང་གལ་ཆེན་པོ་རེད། མི་ཞིག་ལ་མཚོན་ན་རང་ཉིད་ཀྱི་ལུས་པོར་མེ་རུ་བསྒྲོན་ནས་མི་རིགས་འཐབ་རྩོད་ཆེད་དུ་བློས་གཏོང་བྱེད་པ་ནི་མི་བུ་སྤྱིར་བཏང་བ་ཞིག་གིས་བསམ་ཡང་མི་ཕོད་པ་ཞིག་རེད། དེར་བརྟེན། རྒྱལ་གཅེས་དཔའ་བོ་ཕོ་མོ་དེ་དག་གི་ལོ་རྒྱུས་དང་། ཁྱིམ་ཚང་གནས་སྟངས་ཁོང་ཚོའི་འདྲ་པར་སོགས་ངེས་པར་དུ་ཞིབ་ཚགས་པོའི་ཐོག་ནས་ཉར་ཚགས་བྱེད་དགོས་པ་གལ་ཆེན་པོ་རེད། མ་འོངས་པར་ཏན་ཏན་འདིའི་སྐོར་ལ་ཆེད་ལས་ཞིབ་འཇུག་མཁན་མང་བོ་འབྱུང་སྲིད། དེ་བཞིན་རང་ལུས་མེ་རུ་བསྒྲོན་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡང་དཔའ་བོ་ཐུབ་བསྟབ་དངོས་གྲུབ་ནས་ཉེ་ཆར་གྱི་དཔའ་བོ་སྤྲུལ་སྐུ་བསོད་བྷོ་བར་དུ་བརྩིས་ན་ཁྱོན་རྒྱལ་གཅེས་དཔའ་བོ་བཅུ་བདུན་དང་། ཡང་རྒྱལ་གཅེས་དཔའ་བོ་བཀྲ་བྷེ་ནས་བརྩིས་ན་བཅུ་དྲུག། དེ་བཞིན་དཔའ་བོ་བློ་བཟང་ཕུན་ཚོགས་ནས་བརྩིས་ན་བཅོ་ལྔ་བཅས་ཡིན་པའང་ངེས་པར་དུ་བརྗེད་མི་རུང་། གནས་ཚུལ་འདིའི་སྐོར་ལ་འཇར་མན་གྱི་གསར་འགོད་པ་ཞིག་གིས་ཀྱང་གསན་ཚུལ་ཞིག་སྤེལ་འདུག་ལ་བོད་ཀྱི་བུད་མེད་རྩོམ་པ་བོ་འོད་ཟེར་གྱིས་ཀྱང་བོད་ཀྱི་གཞུང་འབྲེལ་ཡིག་ཆ་ཁ་ཤས་སུ་དཔའ་བོ་བཀྲ་བྷེ་ལགས་ཀྱི་མཚན་འཁོད་མེད་པ་གསལ་བཤད་དང་འབོད་སྐུལ་བྱས་འདུག ཉེ་ཆར་རྡོར་གདན་དུས་དབང་གི་སྐབས་སུ་ཡང་བཀའ་ཤག་གིས་དཔའ་བོ་དཔའ་མོ་དག་གི་མཚན་བགྲང་སྐབས་ཀྱང་བཀྲ་བྷེ་ལགས་ཀྱི་མཚན་འཁོད་གནང་མི་འདུག ཉེ་ལམ་གྱི་འཐབ་རྩོད་གཞན་གྱི་གསར་ལམ་ཁག་ཏུ་གྲངས་ཀ་ཁག་མཐོ་ནས་མཐོ་རུ་གཏོང་བཞིན་པའི་སྐབས་སུ་ང་ཚོས་རང་ཉིད་ཀྱི་དངོས་ཡོད་གྲངས་ཀ་ཁག་ཉུང་དུ་གཏོང་དགོས་དོན་མི་འདུག་ཨང་། འདི་དག་ཤོག་ངོས་ཀྱི་མིང་ཚིག་ཁ་ཤས་ཀྱི་མང་ཉུང་ཙམ་མ་ཡིན་པར་མ་འོངས་པར་ལོ་རྒྱུས་དང་འབྲེལ་བའི་གལ་གནད་ཧ་ཅང་ཆེ་བར་མཐོང་ངོ།། 


 ད་དུང་དེ་ལས་ཀྱང་ཞིབ་ཚགས་སུ་བཏང་ན། རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དག་གི་འདས་གསོན་དང་གནས་དུས་འཁོད་པ་འདི། ཆབ་མདོ་ཤེས་རབ་ཀྱི་ངོ་དེབ་ནས་འདིར་འདྲེན་བཀོད་ཞུས་པ་ཡིན།


 ༢༠༽ ༢༠༡༢།༠༡།༠༨། སྤྲུལ་སྐུ་བསོད་ནམས་དབང་རྒྱལ། འདས། ལོ།༤༢། བོད་མགོ་ལོག
 ༡༩༽ ༢༠༡༢།༠༡།༠༦། གྲྭ་ཟུར་བསྟན་ཉི། འདས། ལོ།༢༠། བོད་རྔ་བ།
༡༨༽ ༢༠༡༢།༠༡།༠༦། གྲྭ་ཚུལ་ཁྲིམས། འདས། ལོ།༢༠། བོད་རྔ་བ།
༡༧༽ ༢༠༡༡།༡༢།༠༡། གྲྭ་ཟུར་བསྟན་འཛིན་ཕུན་ཚོགས། འདས། ལོ།༤༦། བོད་ཆབ་མདོ།
༡༦༽ ༢༠༡༡།༡༡།༡༠། གྲྭ་བོད་ཕྲུག །གསོན། ལོ།༤༥། བལ་ཡུལ་མཆོད་རྟེན།
༡༥༽ ༢༠༡༡།༡༡།༠༤། ཤེས་རབ་བམ་མིག་དམར། གསོན། ལོ།༢༦། རྒྱ་གར་ལྡི་ལི།
༡༤༽ ༢༠༡༡།༡༡།༠༣། ཨ་ནེ་དཔལ་ལྡན་ཆོས་བཟང༌། འདས། ལོ།༣༥། བོད་དཀར་མཛེས།
༡༣༽ ༢༠༡༡།༡༠།༢༥། གྲྭ་ཟླ་བ་ཚེ་རིང༌། གསོན། ལོ།༣༨། བོད་དཀར་མཛེས།
༡༢༽ ༢༠༡༡།༡༠།༡༧། ཨ་ནེ་བསྟན་འཛིན་དབང་མོ། འདས། ལོ།༢༠། བོད་རྔ་བ།
 ༡༡༽ ༢༠༡༡།༡༠།༡༥། གྲྭ་ཟུར་ནོར་བུ་དགྲ་འདུལ། འདས། ལོ།༡༩། བོད་རྔ་བ།
༡༠༽ ༢༠༡༡།༡༠།༠༧། གྲྭ་ཟུར་མཁའ་དབྱིངས། འདས། ལོ།༡༨། བོད་རྔ་བ།
༩༽ ༢༠༡༡།༡༠།༠༧། གྲྭ་ཟུར་ཆོས་འཕེལ། འདས། ལོ།༡༩། བོད་རྔ་བ།
 ༨༽ ༢༠༡༡།༡༠།༠༣། གྲྭ་སྐལ་བཟང་དབང་ཕྱུག །གསོན། ལོ།༡༨། བོད་རྔ་བ།
 ༧༽ ༢༠༡༡།༠༩།༢༦། གྲྭ་བློ་བཟང་སྐལ་བཟང་། གསོན། ལོ།༡༩། བོད་རྔ་བ།
 ༦༽ ༢༠༡༡།༠༩།༢༦། གྲྭ་བློ་བཟང་དཀོན་མཆོག །གསོན། ལོ།༡༨། བོད་རྔ་བ།
 ༥༽ ༢༠༡༡།༠༨།༡༥། གྲྭ་ཚེ་དབང་ནོར་བུ། འདས། ལོ།༢༩། བོད་དཀར་མཛེས།
༤༽ ༢༠༡༡།༠༣།༡༦། གྲྭ་ཕུན་ཚོགས། འདས། ལོ།༢༡། བོད་རྔ་བ།
༣༽ ༢༠༠༩།༠༢།༢༧། གྲྭ་བཀྲ་བྷེ། གསོན། ལོ།༢༠། བོད་རྔ་བ།
༢༽ ༢༠༠༦།༡༡།༠༣། ལྷག་པ་ཚེ་རིང༌། གསོན། ལོ།༢༣། རྒྱ་གར་བྷིང་ལོ།
༡༽ ༡༩༩༨།༠༤།༢༧། ཐུབ་བསྟན་དངོས་གྲུབ། འདས། ལོ།༦༠། རྒྱ་གར་ལྡི་ལི།

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com