Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Wednesday, June 24, 2009

སྟོབས་ཤུགས་གཅིག་སྒྲིལ་གྱི་རེ་འབོད

ང་ཚོ་ནི་ལས་དབང་བཙན་པོས་མཐོ་སྒང་དུ་མཉམ་འཛོམས་བྱུང་ཞིང་ཤ་མར་ཐོད་གསུམ་དང་རྩམ་པ་སོགས་འཚོ་བར་རྟེན་པའི་གདོང་དམར་བའི་རིགས་ཞིག་ཡིན། སའི་གོ་ལ་སྟེང་གི་མི་རིགས་སྟོང་ཕྲག་དུ་མ་ནང་ནས་ཕ་རྒྱུད་སྤྲེའུ་དང་མ་རྒྱུད་བྲག་སྲེན་གཉིས་ལས་མཆེད་པའི་མི་རིགས་གཅིག་ཡིན། ང་ཚོ་ལའང་མི་རིགས་གཞན་དང་འདྲ་བའི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་སྲོག་རྩ་འི་སྐད་ཡིག་ཕུན་སུམ་ཚོགས་པ་ཡོད་ལ། ཐུན་མིན་གྱི་སྲོལ་རྒྱུན་རིགས་པའི་གཞུང་ལུགས་ཡང་འཐུས་སྒོ་ཚང་བ་ཡོད། ཕ་མེས་ཀྱི་དུས་སུ་འཛམ་གླིང་སུམ་གཉིས་དབང་སྒྱུར་བྱས་པའི་ལོ་རྒྱུས་ཀྱི་རྡོ་རིང་གསལ་ཞིང་། ཁྱིམ་ཚེས་རྒྱལ་ཁབ་ཁག་ནས་ལེགས་ཆ་ནང་འདྲེན་བྱས་པའི་ནང་ཆོས་ཀྱི་རྩ་བ་བཙུགས་ནས་གངས་ལྗོངས་ཞི་བདེ་ལྟེ་གནས་སུ་བསྐྲུན། ད་ལྟའང་སྤྱོད་པ་འཚེ་བ་མེད་པ་དང་ལྟ་བ་རྟེན་འབྱུང་གཉིས་ཟུང་འབྲེལ་སྒོ་ནས་ཕན་བདེ་སྒྲུབ་བཞིན་ཡོད་པར་འཛམ་གླིང་ནང་མཚན་སྙན་གྲགས་ཧ་ཅང་ཆེ། རང་བྱུང་ཁོར་ཡུག་གི་མཛེས་སྡུག་དང་ཐོན་ཁུངས་སོགའ་ནི་ས་སྟེང་འདིར་འགྲན་ཟླ་བྲལ་བ་ཞིག རི་བོ་ཧི་མ་ལ་ཡ་ཡི་གཙོས་གངས་རི་དང་། འབྲི་ཆུ་དང་རྨ་ཆུ་དང་རྒྱལ་མོ་དངུལ་ཆུ་ལ་སོགས་ཆུ་བོའི་རིགས་དང་། སྤང་ལྗོང་དང་ནགས་ཚལ་སོགས་མཛེས་ལྗོང་དང་། གསར་ཟངས་ལྕགས་སོགས་གཏེར་གྱི་ཐོན་ཁུངས་བཟང་བའི་གནས་མཆོག་ཁ་བ་ཅན་ཞེས་ཡོངས་སུ་གྲགས། འོན་ཀྱང་ད་ལྟའི་དུས་རབས་འདིར་གངས་ཅན་པའི་སྣོད་བཅུད་ཡོངས་སུ་རྫོགས་པ་གཞན་གྱིས་བཙན་འོག་ཏུ་ཚུད་ནས་བསམ་ཡུལ་ལས་འདས་པའི་གྱོང་ཁ་ཞིག་མྱོང་དང་མྱོང་བཞིན་ཡོད། དེ་ནི་གཞན་གྱིས་བཙན་ནོན་ཁོ་ན་ལ་འགེལ་མི་རུང་ཞིང་ང་ཚོ་ཆོལ་གསུམ་གངས་ཅན་པ་ལའང་ཡོད། ང་ཚོས་ནང་ཁོངས་གཅིག་སྒྲིལ་མ་བྱས་པ་དང་ཆོས་ལུགས་དང་ཆོལ་ཁ་ཕན་ཚུན་འཐེན་ཁྱེར་སོགས་སྐྱུར་བྲོ་བའི་ལས་ངན་རྐྱེན་གྱི་ཡང་ཡིན། འབྱུང་འགྱུར་ཡང་སྟོབས་ཤུགས་གཅིག་ཏུ་མ་བསྒྲིལ་ན་ང་ཚོ་ནི་ནམ་ཡང་གྱོང་ཁ་འབའ་ཞིག་འཐོབ་རྒྱུ་ལས་གཞན་མེད། ང་ཚོས་ད་ལྟ་ཡང་ཛ་དྲག་གི་ལས་འགུལ་ནི་སྟོབས་ཤུགས་ཆིག་སྒྲིལ་གྱི་ལས་འགུལ་ཁོ་ནར་ངེས། དེ་ནི་གངས་ལྗོངས་བདེན་མཐའི་རྩ་་བ་ཡི ན་པས གཞིས་བྱེས་གཉིས་སུ་བཞུགས་པའི་དྲན་དབང་རྣམས་ནས་ཀྱང་བོད་འདིར་ཆིག་སྒྲིལ་གྱི་ལམ་སྟོན་རྒྱ་ཆེ་གནང་བར་རེ་འབོད་ཞུའོ།།

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com