Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Sunday, January 24, 2010

གོ་བ་ཨེ་བྱུང་། གངས་ཅན་པ།

ཨ་འདུས་མིག་ཆུ།
ས་ཆེན་འདི་ཡི་ཕང་བར་གནས་པ་པ་ཡི།།
མི་རིགས་སུ་ལ་མེད་ཐབས་མེད་པ་ནི།།
སླད་མེད་དྭངས་གཙང་མ་སྐད་རིན་པོ་ཆེ།།
ཡིན་པའི་གོ་བ་ཨེ་ཤེས་གངས་ཅན་པ།།

རིན་ཆེན་གསེར་ཞེས་རིན་ཐང་ཆེ་ན་ཡང་།།
གཞལ་མེད་ངོ་མཚར་གཏེར་གྱུར་རང་སྐད་དེ།
ས་ཆེན་འདི་བའི་རྒྱན་དུ་བ་ཡི།།
ཚེ་སྲོག་ཡིན་པ་ཨེ་ཤེས་གངས་ཅན་པ།།

འདི་ཕྱི་བདེ་བའི་འབྱུང་བའི་གནས་ཀྱི་མཆོག།
འཚེ་མེད་ཞི་བདེ་རྟེན་འབྱུང་སྟོན་པའི་གཞུང་།།
སྡེ་སྣོད་གསུམ་སོགས་མ་ཚང་མ་ལུས་པ།།
སྐད་འདིར་ཡོད་པ་ཨེ་ཤེས་གངས་ཅན་པ།།

རང་སྐད་རང་ཡིག་མེད་པའི་མི་རིགས་དེ།།
སྲོག་གི་དབང་པོ་རྣམ་པར་ཤེས་པ་གང་།།
མེད་པའི་རྡུལ་འདུས་བེམ་གཟུགས་ཕུང་པོ་རུ།།
གྲུབ་པའི་གནས་ལུགས་ཨེ་ཤེས་གངས་ཅན་པ།།

3 comments:

  1. རང་གི་སྐད་ཡིག་མེད་པའི་ལུང་པ་ཞིག
    ས་སྟེང་འདི་ན་ཡོད་དམ་གྲོགས་པོ་ལགས།

    ReplyDelete
  2. ཨ་འདུས་མིག་ཆུ2/10/2010 1:34 PM

    མཆུ་ཏོ་གཟེངས་སུ་བཏེགས་ནས་མ་ཤོད་དང་།།
    སྐད་ཡིག་མེད་པའི་རིགས་ས་སྟེང་འདིར།།
    བརྒྱ་ཕྲག་སྟོང་ཕྲག་ཡོད་པ་མ་ཤེས་ན།།
    མི་རིགས་སྐད་ཡིག་གཉིས་ལ་གང་མང་གཟིགས།།

    སླད་མེད་སྐད་ཀྱི་རིན་ཐང་བརྗོད་པའི་སྐབས།།
    སྐྱབས་བཅོལ་པ་རྣམས་ཐུགས་ཡིད་མི་དགའ་ཡང་།།
    བོད་སྐད་བོད་ཡིག་དྲིན་གྱི་བསྐྱངས་པ་ཀུན།།
    མ་སྐད་རིན་ཐང་བརྗོད་ལ་ཧ་ཅང་དགའ།།

    མ་སྐད་དྲིན་གྱིས་རང་ཉིད་མི་རུ་བསྐྲུན།།
    མ་ཡིག་དྲིན་གྱིས་རང་ཉིད་ཉམ་མི་དམའ།།
    མ་སྐད་ཡོད་པའི་མི་རིགས་ས་སྟེང་འདིར།།
    མགོ་སྒུར་མི་དགོས་ཨེ་ཤེས་གྲོགས་པོ་ལགས།

    ReplyDelete
  3. འདིར་ཡང་ཡང་ཕེབས་ན་དགའ་བསུ་ཡོད། བྱུང་ན་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་ཞིག་གནང་དང་འདི་ནས་འགྲོན་བརྡ་ཞིག་གཏོང་ཆོག དེ་དུས་ཁྱེད་ཀྱིས་འདིར་རང་དགར་རྩོམ་ཡིག་སྤེལ་ཆོག

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com