Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Friday, January 7, 2011

སྨྱུག་མའི་ཇ་ཁང་།

བློ་བཟང་ཡོན་ཏན།


གསར་བཏོད་གནའ་བོའི་བཟོ་བཀོད་ཀྱི་ཇ་ཁང་།།
ལྕང་ལོ་དལ་གྱིས་བབ་པ་ཡི་ནགས་རྫོང་།།
མི་ཚོགས་དགོད་སྒྲ་འཕྱུར་བ་ཡི་སྤྱི་གླིང་།།
བློ་གསལ་གནའ་བོ་ཇ་ཁང་གི་ངང་ཚུལ།།

དྭངས་གཙང་ཤེལ་གྱི་དཀར་ཡོལ་གྱི་ཕོར་པར།།
བཅུད་ལྡན་འོ་མ་ཀ་ར་དང་བསྲེས་ནས།།
དྲི་ཞིམ་ཇ་ལོའི་འདབ་མ་ཡི་བྲོ་བ།།
ལྷགས་རླུང་བསིལ་པོ་ལྷན་གཅིག་ཏུ་ལྡང་སོང་།།

སྣ་ཚོགས་མཛེས་སྡུག་བཀྲ་བ་ཡི་མེ་ཏོག །
རྐང་ལམ་ཕྲ་མོའིགཡས་གཡོན་ལ་འགྲེངས་ནས།།
འདབ་བརྒྱ་དགོད་འཛུམ་བཞད་བཞིན་དུ་མགྲོན་པོར།།
བསུ་བ་ཚུལ་མཐུན་བྱེད་པ་ཡིས་མཚར་སོང་།།

ཐོགས་ཀར་རྩྭ་ཡིས་བླ་གབ་ཀྱི་རྣམ་པ།།
ཟུར་བཞིར་སྨྱུག་མ་བསྒྲིག་པ་ལས་གྲུབ་པ།།
ཀ་བར་ནག་སྣུམ་དུད་ཚོན་གྱི་བྱུགའ་པའི།།
བློ་གསལ་གནའ་བོའི་ཇ་ཁང་དེ་མཛེས་སོ།།

ཉེ་དུས་གསར་དུ་ཕྱེ་བའི་བློ་གསལ་གནའ་བོའི་ཇ་ཁང་དུ་ཇ་འཐུང་ཞོར་དུ་བྲིས།། ༢༠༡༡/༡/༧ཉིན།

6 comments:

  1. "ཁ་སང་དགོང་མོའི་ཆོུད་བདུན་དང་ཕྱེད་ཀའི་ཐོག་ང་དང་ང་ཚོའི་ཁང་མཚན་གཅིག་པའི་བླ་མ་དང་རྒན་ཁ་ཤས་མཉམ་དུ་ཇ་འཐུང་འགྲོ་བ་ཡིན་་་་་ ཡིན་ཡང་ཇ་ཞིམ་པོ་མིན་འདུག་་་་་ དངོས་ནས་མིན་འདུག་་་་ པ་ཏི་མང་པོ་འདུག་ འོ་མ་ཉུང་ཉུང་ མངར་མོ་མང་པོ་རེད་འདུག་་་  རྗེ་སུ་ཡར་རྒྱས་བཏང་པའི་རེ་བ་ཆེན་པོ་ཡོད་་་་ Khenssss.ནས

    ReplyDelete
  2. ཇ་ཞིམ་པོ་མེད་ན་་དངོས་སུ་ལབ་ཐུབ་ན་ཡག་པོ་ཡོད། མ་གཞི་ལོ་ཆེན་པོ་དེ་ཚོ་པ་ཏི་མང་པོ་ལ་དགའ།

    ReplyDelete
  3. རྗེས་སུ་འགྲོ་སྐབས་ཏན་ཏན་ལབ་ཀྱི་ཡིན་་་ མ་གཞི་ལོ་ཆེན་པོ་དེ་ཚོ་པ་ཏི་ལ་དགའ་ནའང་་་་་ ཇ་འཐུང་མཁན་མང་ཆེ་བ་ལོ་ཆུང་ཆུང་རེད་ བྱས་ཙང་ ཇ་གར་པོ་མང་པོ་འཐུང་ན་ རྗེས་སུ་ཁྲག་ནད་བླེབས་ཡག་གི་ཉན་ཁ་ཆེན་པོ་ཡོད་རེད་ མ་རེད་དམ་???
    Khensss ནས་

    ReplyDelete
  4. ཇ་གར་པོ་འཐུང་ན་ཁྲག་ནད་སླེབས་ཡག་གི་ཉན་ཁ་ཡོད་མ་རེད་དམ་???
    khensss ནས

    ReplyDelete
  5. ཉིན་མ་ཁ་ཤས་སྒོ་རྒྱབ་རེད་ཟེར། p་ནས

    ReplyDelete
  6. ཇ་གར་པོ་རང་ད་རེད་མི་འདུག བླ་རྒན་དེ་མགོ་དམར་པོ་ཡིན་དུས་འཁྲུལ་བ་འདྲ་ཡིན་ན་གང་ཞིག འོ་མ་དེ་ནི་རྡུ་རྡུ་སྤ་ཏི་རང་རེད་འདུག་ཨེ། འདི་འདྲའི་ཇ་དེ་ས་ཕྱོགས་གང་སར་རག་ཡ་དཀོན་པོ་ཡིན་འགྲོ། དེ་ལས་གྲོགས་ཁ་སར་སླེབས་དུས་སྣ་ཡིས་མ་ཕུད་ན་ཡག འོ་རྩམ་ཇ་འཐུང་བ་ལས་དྲག་གི་རེད་དོ།

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com