Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Saturday, May 14, 2011

ཁ་པར་དང་འབྲེལ་བའི་མིང་ཚིག་གསར་རྩོམ།



མཚུངས་མེད་གྲོགས་པོ་རྣམ་པ། ཕྲན་ནས་འདིར་ཁ་པར་དང་འབྲེལ་བའི་མིང་ཚིག་གསར་སྒྲིག་ཞིག་ཚོད་བལྟར་སྤྱན་འབུལ་ཞུས་ཡོད་ན། བསམ་ཚུལ་ལྷུགས་པོར་གསུངས་རོགས།

contact འབྲེལ་ཡུལ།
messaging འཕྲིན།
notes ཟིན་ཐོ།
photo འདྲ་པར།
video གློག་བརྙན།
clock ཚོུད།
tools སྒྲིག་ཆས།
apps མཉེས་ཆས།
music རོལ་དབྱངས།
calender ཟླ་ཐོ།
calculator རྩིས་ཆས།
bluetooth སོ་སྔོན།
log དེ་མ་ཐག་པ།
games འགྲན་རྩེད།
settings སྒྲིག་སྦྱོར།
connectivity འབྲེལ་འཐུད།
profile སྒེར་ངོས།
file manager ཡིག་གཉེར།
camera པར་ཆས།
apps manager མཉེན་གཉེར།
office ཡིག་ཚང་།
radio རླུང་འཕྲིན།

7 comments:

  1. གོང་འགོད་མིང་བསྒྱུར་དེ་ཚོར་བསམ་འཆར་མེད་ན་གཏན་འབེབས་བྱས་སྲིད་པས་དགོངས་འཆར་དང་། མིང་ཚིག་གསར་པ་འདོན་རྒྱུ་ཡོད་ན་ཐད་ཀར་གསུངས་རོགས།

    ReplyDelete
  2. Game=འགྲན་རྩེད། དེ་རྩེད་མོ་ལབ་ན་ཡག་པ་མེད་འགྲོ། རྒྱུན་དུ་ང་ཚོས་བཀོལ་སྤྱོད་དུ་འཇགས་པའི་མིང་ཚིག་དེ་ཚོ་རང་འཇགས་བཞག་ན་ཡག་པ་མི་འདུག་གམ། གང་ལྟར་བྱ་བ་འདི་བྱས་པར་ཐུགས་རྗེ་ཆེ།

    ReplyDelete
  3. ངས་དང་ཐོག་དེ་ག་དྲན་སོང་། ཡིན་ནའང་games ནི་རྩེད་མོ་ཙམ་དང་མི་འདྲ་བར་མིའམ་གློག་ཀླད་སོགས་གང་ཞིག་དང་འགྲན་དགོས་པ་དང་། རྩེད་མོ་སྟེ་sport ནི་དེ་འདྲ་མིན་པར་འཆོང་རྒྱག་པ་དང་བྱ་གཏོང་བ་དང་། རྩེད་ཆས་མོ་ཊ་གཏོང་བ་སོགས་ལའང་གོ་བོ་སྙམ་ནས་དེ་ལྟར་བྲིས་པ་ཡིན། དགོངས་འཆར་ཡོད་ན་མུ་འཐུད་གསུངས་རོགས།

    ReplyDelete
  4. ར་ས་ཕོ་ཉ་ལགས་ཀྱི་རྩོལ་བ་ལ་དགའ་བསུ་ཞུ། calenderལ་ལོ་ཐོ་ཟེར་ན་ཡག་པོ་མེད་འགྲོ། bluetooth འདི་ཐད་སྒྱུར་བྱེད་པ་དེ་འདྲ་ལེགས་པོ་ཞིག་མ་རེད་བསམ། གཞན་པ་ཚོར་གནས་སྐབས་མི་གླེང་། གང་ལྟར་ཐུགས་རྗེ་ཆེ།

    ReplyDelete
  5. mouse ལ་ཙི་ཙི་ཐད་བསྒྱུར་བྱས་པ་བཞིན། Bluetooth སོ་སྔོན་ཞེས་ཐད་བསྒྱུར་བྱས་པ་ཡིན། དེ་མིན་མིང་ག་རེ་བཏགས་དགོས་སམ།

    ReplyDelete
  6. ར་ས་ཕོ་ཉ་ལགས། བྱ་བ་འདི་ལ་དགའ་བསུ་ཞུ་ཞིང་། log ནི་བྱུང་བའི་བྱ་བ་སོགས་ཐོ་འགོད་བྱེད་པ་ལ་གོ་བས། བྱུང་ཐོ་ཟེར་ན་དགའ་འམ་སྙམ། དེ་བཞིན་འཐུད་པ་ལ་མཐུད་པ་ཞེས་བཅོས་དགོས་པར་འདུག
    མཁར་སྒང་བསོད་ནམས་དབང་ལྡན་གྱིས།

    ReplyDelete
  7. calender ཞེས་པ་དེར་བོད་མིའི་ཁྲོད་ཡོང་ཁྱབ་ལ་ལོ་ཐོ་ཞེས་འབོད་ཀྱི་ཡོད་པས་དེ་རང་སོར་ཞག་ན་ལེསས་སྙམས།
    games རོལ་རྩེད་ཞེས་འགྱུར་ན་ཅུང་སྙན་ས་རེད།

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com