Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Wednesday, May 25, 2011

དྲེད་མོང་།


གོང་གི་གློག་བརྙན་ནང་དུ་གསལ་བ་དེ་ནི་དྲེད་མོང་གི་བྱེ་བྲག་ཞིག་ཡིན། དྲེད་མོང་ནི་བྱང་ཨ་མི་རི་ཀར་ཡོད་པའི་གྷི་ཛི་ལི་དོམ་འདྲ་བ་ཡོད་ནའང་། བོད་མི་ཚོས་དྲེད་མོང་ནི་དམ་ལས་ལོག་པའི་སེམས་ཅན་ཞིག་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་ངག་རྒྱུན་ལ་དྲེད་མོང་གིས་གཡག་བསད་པ་དང་། གཟིག་དང་འཛིང་པ། ད་དུང་མིའི་བུ་མོ་དང་ལྷན་དུ་གཟའ་ཚང་བྱས་ནས་བསྡད་པའི་ལོ་རྒྱུས་ཡང་ཡོད། གཏམ་དཔེ་ནའི་ནང་དུ་ཡང། དཔེ་ཆ་བློ་འཛིན་བྱེད་དུས་དྲེད་མོང་གིས་འཕྱི་བི་ཟིན་པ་ལྟར་བྱ་མི་རུང་། ཟེར། དཔེ་དོན་འགྲོ་སྟངས་ནི། དྲེད་མོང་གིས་ས་བུག་ནས་འཕྱི་བི་རེ་ཟིན་རྗེས་རང་གི་རྐུབ་འོག་ཏུ་བསྣན་བཞག་པ་དང་། ཡང་འཕྱི་བི་གཅིག་ཟིན་ནས་རྐུབ་འོག་ཏུ་འཇུག་པར་འགྲོ་བས་འཕྱི་བི་སྔ་མ་དེ་བྲོས་སོང་བས། མཐར་དྲེད་མོང་ལ་འཕྱི་བི་གཅིག་མ་གཏོགས་མ་རག་པ་ནང་བཞིན་དཔེ་ཆ་ཕྱི་མ་ཕྱི་མ་བློར་འཛིན་དུ་སྔ་མ་སྔ་མ་བརྗེད་མི་རུང་ཞེས་པ་ཡིན།

2 comments:

  1. རེད་རེད། ད་དུང་ཆུང་དུས་སུ་ཨ་མ་དྲེད་མོང་དང་དྲེད་ཕྲུག་རྒྱ་ལི་ཡི་སྒྲུང་སྙན་མོ་མང་པོ་བཤད་རྒྱུན་ཡོད་ལ། ང་ཚོའི་ཕ་ཡུལ་དུ་ཨ་མྱེ་ལོ་ལོན་ཞིག་ཡོད་པའི་མིང་མི་དྲན་གི མི་ཚང་མས་ཁོ་ལ་ཆུ་ཆ་དྲེད་འཛིན་ཟེར་གི་འདུག དེ་ནི་ཁོ་རི་དྭགས་རྔོན་དུ་ཕྱིན་ནས་དྲེད་མོ་ཞིག་དང་ཐུག ཁོའི་རོགས་པ་བྲོས་ཚར་བས་ཁོ་གཅིག་པུ་དྲེད་མོང་དང་འཐབ། མཐར་དྲེད་མོང་གི་རྣ་རྩར་གྲུས་བསྣུན། གྲིའུ་ཡུ་བའི་མཚམས་ནས་ཆགས། ཁོ་ལག་པ་གཡས་པ་དྲེད་མོང་གིས་བཅད། ཁོ་དབང་བོར་ཤོར། དྲེད་མོང་ཡང་ཁོ་དང་ཐག་མི་རིང་སར་ཤི མི་ཚོས་ཁོ་རྙེད་ནས་ཕྱིར་ཁྱེར་ཡོང་ནས་སྨན་བཅོས་ཀྱིས་དྲག དེ་ནས་བཟུང་ཁོའི་མིང་ལ་ཆུ་ཆ་དྲེད་འཛིན་ཟེར་བ་དང་ཁོའི་མིང་ངོ་མས་འཛིན་མཁན་མེད་པར་གྱུར། གཅན་བཟོད་རྒྱམ་པས།

    ReplyDelete
  2. དྲེད་མོང་གི་གཏམ་རྒྱུད་རང་ཅག་བོད་ལ་ཐོུང་མིན་པ་ཤོད་རྒྱུ་ཡོད་ནའང་། དེང་སང་དྲེད་མོང་དཀོན་པས་མིག་སྟོན་བྱེད་དཀའ་བའི་ཁར་ནུབ་ཕྱོགས་པ་དག་གིས་དྲེད་མོང་གི་དོམ་གྱི་གྲལ་དུ་བཞག་གི་འདུག དྲེད་མོང་ལ་མི་དྲེད་དང་། དོམ་དྲེད་སོགས་ཡོད་འདུག་ལ། བལ་ཡུལ་ས་མཚམས་པ་དག་གི་ཡེ་དྲེད་yetiའབོད་པ་དེ་ཡང་མི་དྲེད་ཀྱི་ཡི་གེ་ཟུར་ཆགས་པ་མིན་ནམ་སྙམ།

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com