ལོ་རྒྱུས་ལྟར་ན། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ནས་ཡིན་
ད་བར་དུ།
ང་ཚོས་ལག་འཁྱེར་ཁ་པར་བརྒྱུད་ནས་ ཕན་ཚུན་ལ་འབྲེལ་བ་བྱེད་ཐུབ་པ་དེ ར་དགའ་སྣང་སྒོམ་པ་མ་གཏོགས།
ལག་འཁྱེར་ཁ་པར་གྱིས་ང་ཚོ་ཕན་ཚུ ན་གྱི་བདེ་སྲུང་ལ་འགན་ལེན་ཇི་ ཙམ་བྱེད་ཀྱི་ཡོད་མེད་ལ་དོགས་ཟོ ན་དེ་ཙམ་བྱེད་གི་མེད།
འོན་ཀྱང་།
ང་ཚོས་ལག་འཁྱེར་ཁ་པར་བརྒྱུད་ནས་ སྤྱིར་བཏང་གི་སྐད་ཆ་ཙམ་མ་ཡིན་ པར།
གནས་ཚུལ་གལ་ཆེ་བ་དང་གསང་རྒྱ་ཅན།
ལྷག་པར་དུ་སྒེར་དང་འབྲེལ་བའི་ གནད་དོན་མང་པོ་ཞིག་བརྗོད་ཀྱི་ཡོ ད།
འོ་ན།
ལག་འཁྱེར་ཁ་པར་གྱིས་གནས་ཚུལ་དེ་ ཚོར་ཉེན་སྲུང་གི་འགན་ལེན་ཐུབ་ བམ་ཟེར་ན།
མི་ཐུབ། ལྷག་པར་དུ། ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་ སྟངས་ཡག་པོ་མ་ཤེས་ན།
རང་གི་གྲོགས་པོ་དང་སྤུན་མཆེད།
ཕ་མ་སོགས་ཡིན་རུང་གསང་རྒྱ་ཅན་གྱ ི་གནད་དོན་རེ་གཉིས་ལ་བརྟེན་ནས་ དཀའ་ངལ་ནང་གཡུག་སྲིད།
དེར་བརྟེན། ལག་འཁྱེར་ཁ་པར་བེད་སྤྱོད་ཐད་དོ་ སྣང་དང་གཟབ་ནན་བྱེད་རྒྱུ་ནི།
ཕྱོགས་གཅིག་ནས་རང་གཞན་གཉིས་ཀ་སྲ ུང་བ་དང་ཕྱོགས་གཉིས་ནས་རང་གཞན་ གཉིས་ཀའི་བདེ་འཇགས་ལ་ཕན་པ།
ད་དུང་ཉེ་འཁོར་གྱི་མི་རྣམས་ལ་ ཡང་གལ་ཆེ།
ལག་འཁྱེར་ཁ་པར་བེད་སྤྱོད་ཐད་དོ་ སྣང་དང་གཟབ་ནན་གནང་ཟེར་དུས།
ཁྱོད་རང་ལག་འཁྱེར་ཁ་པར་བེད་སྤྱོ ད་ཐད་ལ་ཆེད་མཁས་ཡིན་དགོས་ཟེར་གི ་མེད་པར།
དེའི་སྐོར་ལ་རྒྱུན་ཤེས་དགོས་རྒྱ ུ་གལ་ཆེན་རེད་ཟེར་གི་ཡོད། དཔེར་ན།
ལག་འཁྱེར་ཁ་པར་གྱི་བཀོལ་སྤྱོད་ མ་ལག་(Operating System)དེ་ཡང་ནས་བསྐྱར་དུ་གསར་ སྣོན་(Update)བྱེད་རྒྱུ་ཧ་ཅང་ གལ་ཆེ།
བཀོལ་སྤྱོད་མ་ལག་དེ་གསར་སྣོན་མ་ བྱས་པར་རྙིང་པ་དེ་བེད་སྤྱོད་མུ་ མཐུད་དུ་བྱས་ཚེ།
དེ་ནི་ཁང་པའི་ལྟག་རྒྱབ་ནས་ཨི་ཁུ ང་བརྡོལ་བ་ནང་བཞིན།
རྐུན་མ་ནང་དུ་འཛུལ་སླ་བ་ཡོད། དེར་བརྟེན།
རྟག་པར་ལག་འཁྱེར་ཁ་པར་གྱི་བཀོལ་ སྤྱོད་མ་ལག་གསར་སྣོན་བྱེད་རྒྱུ་ གལ་ཆེ་བ་མ་ཟད།
དེ་ལྟར་བྱེད་པ་ནི་སོ་སོའི་ལག་ འཁྱེར་ཁ་པར་གྱི་ཉེན་སྲུང་བརྟན་ དུ་གཏོང་བ་ཡིན།
ད་དུང་། དྲ་འབུ་འགོག་བྱེད་ཀྱི་མཉེན་ཆས་ དེ་འདྲ་ལག་འཁྱེར་ཁ་པར་ངོས་སུ་ ཕབ་ལེན་བྱས་ན་ཡག
དཔེར་ན། www.lookout.com
བརྒྱུད་ནས་ཕབ་ལེན་བྱེད་ཐུབ།
ལྷག་པར་དུ།
ང་ཚོར་ལག་འཁྱེར་ཁ་པར་ཡོད་པའི་རྗ ེས་སུ།
ང་ཚོའི་ལག་འཁྱེར་ཁ་པར་དེ་དྲ་ལམ་ དང་འབྲེལ་འབྲེལ་པ་ལྟ་བུ་རེད། དེར་བརྟེན།
ང་ཚོར་རིན་མེད་ཉེར་སྤྱོད་མཉེན་ ཆས་མང་པོ་འབྱོར་ཡོང་གི་རེད། འོན་ཀྱང་།
ཉེར་སྤྱོད་མཉེན་ཆས་འབྱོར་ཚད་ཕབ་ ལེན་བྱེད་མི་ཉན། གང་ཡིན་ཞེ་ན།
ཉེར་སྤྱོད་མཉེན་ཆས་མང་པོ་ཞིག་གི ས་ང་ཚོའི་གནས་ཚུལ་དང་སྡོད་གནས།
འབྲེལ་བྱང་སོགས་མང་པོ་ཞིག་གཞན་ ལ་བགོ་བཤའ་བྱེད་གི་རེད། ལྷག་པར་དུ།
ལག་འཁྱེར་ཁ་པར་གྱི་འཕྲིན་ཐུང་ བརྒྱུད་ནས་འབྱོར་བའི་ཟུར་སྣོན་ དང་འབྲེལ་ཐག་རིགས་ལ་གང་བྱུང་བསྣ ུན་མི་ཉན།
དེ་ཚོ་མང་པོ་ཞིག་གིས་དྲ་འབུ་འཁྱ ེར་གི་ཡོད།
ལྷག་པར་དུ།
གནས་ཚུལ་གསང་རྒྱ་ཅན་གྱི་རིགས་ ཕན་ཚུན་ལ་བགོ་བཤའ་བྱེད་པའམ་དོན་ དག་གལ་ཆེའི་རིགས་གླེང་མོལ་བྱེད་ དུས།
སྐུད་མེད་འབྲེལ་མཐུད་སྔོན་པོ་( Bluetooth)དང་བ་ཧྤེ་(Wi-fi)སོ གས་ངེས་པར་དུ་གཟིམས་ན་བདེ་འཇགས་ ལ་ཕན།
དེ་མ་གཏོགས། སྐུད་མེད་འབྲེལ་མཐུད་སྔོན་པོ་ དང་བ་ཧྥེ་སོགས་ཁ་ཕྱེས་ན།
གཞན་གྱིས་ཁྱེད་ཀྱི་ལག་འཁྱེར་ཁ་ པར་སྟེང་དུ་ཡོད་པའི་སྒེར་གྱི་ གནས་ཚུལ་རིགས་ལ་སིམ་འཛུལ་བྱེད་ སླ་བ་མ་ཟད་ལྐོག་འཁྱེར་བྱེད་རྒྱུ འི་ཉེན་ཁ་ཡང་ཡོད།
ད་དུང་།
ང་ཚོ་མང་པོ་ཞིག་གིས་དུས་རྟག་དུ་ ལག་འཁྱེར་ཁ་པར་སྒང་གི་ཕྱོགས་སྟོ ན་ཡོ་ཆས་(GPS)དེ་ཁ་ཕྱེས་ནས་ཡོད།
ཕྱོགས་སྟོན་ཡོ་ཆས་དེས་ཁྱེད་ཀྱི ས་གཞན་དང་མཉམ་དུ་ཅི་ཞིག་བྱས་རུ ང་ཁྱེད་རང་གི་སྡོད་གནས་སྟོན་གི་ རེད།
དེར་བརྟེན།
སོ་སོའི་སྡོད་གནས་གཞན་གྱིས་མ་ཤེ ས་བའི་སླད་དུ་ཕྱོགས་སྟོན་ཡོ་ཆས་ དེ་སྒོ་རྒྱག་རྒྱུ་ཡང་གལ་ཆེ།
ངེད་ཀྱིས་རྩོམ་ཡིག་སྔ་མ་ཞིག་སྟེ ། ལག་འཁྱེར་ཁ་པར་ཨེ། བེད་སྤྱོད་བྱེད་དུས་གཟབ་གཟབ་ གནང་ཨ།
ཟེར་བའི་དེའི་ཁོངས་སུ་ལག་འཁྱེར་ ཁ་པར་གྱི་བདེ་འཇགས་དང་འབྲེལ་བའི ་གནད་དོན་ཇི་སྙེད་ཅིག་གླེང་ཟིན་ པས།
རེ་རེ་བཞིན་བསྐྱར་དུ་འདི་རུ་གླེ ང་གི་མིན།
གཞན་གྱིས་ང་ཚོའི་ལག་འཁྱེར་ཁ་པར་ གྱི་བྱང་བུ་དང་རྒྱལ་སྤྱིའི་ལག་ འཁྱེར་ཁ་པར་ངོས་འཛིན་ཨང་གྲངས་( IMEI)གཉིས་ཀྱིས་ང་ཚོ་རྗེས་འདེད་ དང་ངོས་འཛིན་ཐུབ་པ་མ་ཟད་།
ད་དུང་ང་ཚོའི་ལག་འཁྱེར་ཁ་པར་བརྒ ྱུད་ནས་ང་ཚོར་ལྐོག་ཉན་ཡང་བྱེད་ ཐུབ་གི་ཡོད་པ་རེད།
དེར་བརྟེན།
གནད་དོན་གལ་ཆེའི་རིགས་སྒྲུབ་པའི ་སྐབས་དང་མི་སྣ་གལ་ཆེན་སོགས་དང་ མཉམ་དུ་གླེང་མོལ་བྱེད་པའི་སྐབས་ སུ།
གཞན་གྱིས་ཁྱེད་ཀྱི་གླེང་མོལ་ལ་ ལྐོག་ཉན་མི་ཐུབ་པའི་ཆེད་དུ།
ལག་འཁྱེར་ཁ་པར་གྱི་གློག་རྫས་ཕྱི ར་འདོན་པ་དང་ལག་འཁྱེར་ཁ་པར་ནང་ དུ་འཇོག་པ།
ཡང་ན་གླེང་མོལ་བྱེད་སའི་ཁང་མིག་ དང་སྡོད་གནས་སོགས་མ་ཡིན་པའི་ས་ གནས་གཞན་དུ་འཇོག་པ་སོགས་གལ་ཆེ་ བ་མ་ཟད།
རིན་གོང་ཧ་ཅང་ཆུང་ཞིང་ཐེངས་གཅི ག་མ་གཏོགས་བེད་སྤྱོད་མི་བྱེད་ པའི་ལག་འཁྱེར་ཁ་པར་དང་བྱང་བུ་བེ ད་སྤྱོད་བཏང་ན་ཡང་དེས་ཀྱང་བདེ་ འཇགས་ལ་ཕན།
ངེད་ཀྱི་གཏམ་མ་རྫོགས་སྔོན་ལ།
ང་ཚོའི་སེམས་ལ་ཉར་དགོས་བའི་གཏམ་ གཞན་ཞིག་ཡོད་པ་ནི། (Google Sync)དང(Google Apps Device Policy)
ཟེར་བའི་ཉེར་སྤྱོད་མ་ལག་འདི་གཉི ས་ཡིན།
ཉེར་སྤྱོད་མ་ལག་འདི་གཉིས་ཀྱི་ གང་རུང་ཞིག་ང་ཚོས་གློག་ཀླད་སྟེ ང་ནང་འཇུག་བྱས་ཡོད་ཚེ།
ཁྱེད་ཀྱི་ལག་འཁྱེར་ཁ་པར་ལ་བོར་ བརླག་དང་རྐུ་འཁྱེར་སོགས་ག་རེ་བྱ ུང་རུང།
ཉེར་སྤྱོད་མ་ལག་འདི་གཉིས་ཀྱི་ གང་རུང་སྤྱད་ནས།
ཁ་པར་སྟེང་གི་ན་ཡོད་པའི་འདྲ་པར་ དང་གནས་ཚུལ།
འབྲེལ་མིང་སོགས་གསུབ་ཐུབ་གི་རེ ད། དེ་ལྟར་བྱས་ན།
ཁྱེད་ཀྱི་ཁ་པར་རྙེད་མཁན་ནམ་ཡང་ ན་རྐུ་མཁན་དེས་ཁྱེད་ཀྱི་ལག་འཁྱེ ར་ཁ་པར་མ་གཏོགས་གཞན་ཅི་ཡང་རྙེད་ མི་ཐུབ།
བསྐྱར་དུ་ཞུ་རྒྱུར།
དོན་མེད་དུ་དཀའ་ངལ་ལ་ལྷུང་འདོད་ མེད་ན། ལམ་འགྲོ་བའི་གཏམ་འདི་ཡིད་ལ་ཞོག
No comments:
Post a Comment
བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།