Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Saturday, March 12, 2011

བསྟོད་པ་སྒྲ་རྒྱན་ཉི་ཤུ་པ།


འབའ་པ་སངས་རྒྱས་ཚེ་རིང་།

༄༄།།. །། ཟླུམ་ཟླུམ་གོ་ལའི་སྒང་གི་སྐྱེ་བོའི་ཁྲོད།. །ལ་ལ་ཐོབ་དང་གོ་སས་འགྱིང་བ་དང་།. །

མང་མང་དཔལ་དང་འབྱོར་པས་དྲེགས་པས་ཀྱང་། གུས་གུས་ལས་ཀྱིས་གང་ཞབས་གཙུག་ཏུ་བཀུར།།


ཞི་དུལ་ཞི་བས་སྐུ་བའི་བཀོད་པ་མཛེས།. །མ་ནོར་མ་འདྲེས་བརྗོད་ལ་དོ་མེད་གསུང་། །

རྒྱ་ཆེར་རྒྱ་མཚོའི་འཇིངས་ལྟར་ཡངས་པའི་ཐུགས།. །ཞི་སྤྱོད་ཞི་བདེའི་སྲོལ་འབྱེད་གངས་ཅན་མགོན།. །


གསལ་གསལ་ཤེལ་དཀར་མེ་ལོང་གཙང་མའི་ངོས།. །མཛེས་མཛེས་བརྙན་རིས་ཇི་ལྟར་བཀྲ་བ་བཞིན།. །

དང་དང་ཡིད་མཁར་གང་གི་གསང་གསུམ་ཀུན།. །ཡང་ཡང་གསལ་བའི་རི་མོ་ཕབ་བྱས་ཏེ། །


འཇམ་འཇམ་འཁྲི་ཤིང་རླུང་གིས་བསྙལ་བ་ལྟར།. །མྱུར་མྱུར་ཡན་ལག་ས་ལ་ཕབ་བཞིན་དུ།. །

དུང་དུང་བློ་ཡིས་བསྟོད་དབྱངས་འདི་སྒྲོག་ན།. །ཀྱེ་ཀྱེ་གངས་རིའི་མགོན་པོ་ཡུད་ཙམ་དགོངས།. །


མང་མང་རྒྱུ་སྐར་ཕྲེང་མཛེས་ཉ་ཟླ་བཞིན།. །བཟང་བཟང་གདུལ་བྱ་ཕོ་མོས་མཐའ་ནས་མཛེས།.

།ཟིལ་ཟིལ་དམར་གི་སྔོན་ཆས་དཔའ་བོ་ལྟར།. །དུལ་དུལ་ཞི་བདེའི་རླབས་ཀྱི་ཁ་ལོ་བ།. །


མྱུར་མྱུར་འཛམ་གླིང་གང་བའི་མཛད་བཟང་ལ།. །མཚར་མཚར་ཟླ་བྲལ་བླ་མ་སྤྱན་རས་གཟིགས།. །

ཡང་ཡང་ཡུལ་གྲུ་དུ་མ་ཞབས་བཀོད་ཚེ།. །མང་མང་འགྲོ་ལ་ཞི་བདེའི་གྲུ་ཆར་བསྐྲུན།. །


ལེགས་ལེགས་ལས་ཀྱིས་ལྷག་པར་སྦྲེལ་བ་ཡི།. །དམར་དམར་གདོང་ཅན་བོད་མི་མ་ལུས་པས།. །

མཆོག་མཆོག་ཁྱེད་སྐུ་མིག་ལ་ཤར་བའི་ཚེ།. །ཆེ་ཆེ་དགའ་བའི་དཔེ་ཟླ་རྙེད་པ་མིན།. །


དཀར་དཀར་ཁ་བ་རི་པའི་བསྟན་སྲིད་སླད།. །བསིལ་བསིལ་ཞི་བདེའི་དཔུང་དང་འགྲོགས་པ་ན།. །

ངན་ངན་སྲིད་བྱ་ཀླ་ཀློ་ཀུན་སྐྲག་སྟེ།. །རྩུབ་རྩུབ་ཚིག་གི་ཐན་སྐད་སྒྲོག་ལ་ཐུག. །


དམན་དམན་གཞན་སྨོད་ཆ་ཙམ་མི་མཛད་ཀྱང་།. །འཇིཊ་འཇིཊ་ཀླ་ཀློའི་དཔུང་ཚོགས་སྔངས་བྱེད་པའི།།

ལེབ་ལེབ་འཛམ་གླིང་ས་ཆེན་འདི་ཡི་སྟེང་།. །མང་མང་འགྲོ་མགོན་ཁྱེད་ལས་སུ་ཡིས་ཤེས།. །


གསལ་གསལ་འཚེ་བྲལ་རླབས་སྤྱོད་ཉིན་བྱེད་འོད།. །ཉོག་ཉོག་རྒྱ་དཔོན་འུག་པའི་མིག་བསྒྲིབས་ཀྱང་།. །

ཡང་ཡང་བརྩེ་དང་བྱམས་ལ་གོམས་པའི་མཐུས།. །དགའ་དགའ་གཉེན་སོགས་ཕྱོཊ་རིས་སྨག་དང་བྲལ།།


སྙན་སྙན་གྲཊ་འབར་སྐྱེ་ཕྲེང་དུ་མ་ལའང་།. །བྲེལ་བྲེལ་ལས་ཀྱིས་བོད་ཁམས་སྐྱོང་ན་ཡང་།. །

ངལ་ངལ་མཛད་མིན་དེའི་ཕྱིར་རྩམ་གཟན་ཚོས།. །རང་རང་གང་ནུས་བཀའ་བཞིན་ཅིས་མི་བསྒྲུབ། །


འབད་འབད་མ་བྱས་མ་ལུས་མཁྱེན་པའི་ཐུཊ།. །ཟབ་ཟབ་བདེན་པར་བརྗོད་པའི་སྙན་འཇེབས་གསུང་།།

དུལ་དུལ་འབུམ་ཕྲག་བསྟར་བའི་མཛེས་སྡུག་སྐུ།. །ལྷང་ལྷང་འཆར་བས་གདུང་བ་སེལ་བྱེད་ཁྱེད།. །


མཁས་མཁས་སྙམ་པའི་སྐྱེ་བོ་དུ་མ་ཡིས།. །མང་མང་དྲི་བའི་སྐུད་པ་རྐྱོང་པ་ལ།. །

གསལ་གསལ་གནད་འཁེལ་ལན་གྱིས་མདུད་རྒྱབ་ཚེ།. །ཞུམ་ཞུམ་སེམས་ཀྱིས་དད་པའི་ལས་སུ་ཞུགས། །


དཀར་དཀར་མཛད་རླབས་གང་གའི་རྡུལ་གྱི་གྲངས།. །རེ་རེ་བརྗོད་ནུས་འཇིག་རྟེན་འདིར་དཀོན་ན།. །

དམ་དམ་རྨོངས་པས་བཅིངས་པའི་རྐང་གཉིས་པ།. །དམན་དམན་བདག་འདྲས་བརྗོད་པའི་ཡུལ་ལས་འདས།. །


དཀར་དཀར་གངས་ལ་གནས་བཅས་གདོང་ལྔའི་བུ།. །འདར་འདར་ལུས་བཅས་མ་རྗེས་ཕྱོཊ་པ་ལྟར།. །

དཀོན་དཀོན་འཇིག་རྟེན་མགོན་པོ་ཁྱེད་ཀྱི་རྗེས།. །བྲེལ་བྲེལ་སེམས་ཀྱིས་འཇུག་འདོད་གངས་ཅན་པ། །


མཁོ་མཁོ་སྲིད་དོན་ལས་ཀྱི་ཤེས་རྒྱ་དམན།. །དགོས་དགོས་འཕྲུལ་ཆས་ལ་སོཊ་དངོས་པོས་ཕོངས།. །

ཁྲོ་ཁྲོ་རྒྱ་དམར་དགྲ་ཡིས་རྟག་ཏུ་སྡང་།. །སྡུག་སྡུག་གཞན་དབང་ཡ་ངའི་འོག་ཏུ་ཚུད།. །


ཨེ་ཨེ་འུ་ཐུག་འདི་འདྲ་ཤར་བའི་ཚེ།. །དམ་དམ་ཕྱག་གིས་གཏོང་བར་ཅང་་ཕོད་དམ།. །

བསིལ་བསིལ་ལྗོངས་འདིའི་སྐྱབས་གནས་ཁྱེད་ལས་ལྷག། །མང་མང་འཇིག་རྟེན་གང་དུ་རྙེད་པ་མེད། །


ཆེས་སྙིཊ་སྙིཊ་མའི་འགྲོ་བས་གནས་བཅས་བའི།. །གངས་ལྗོངས་ལྗོངས་འདི་གཞན་གྱིས་བོར་བ་ན།. །

རབ་བརྩེ་བརྩེ་བས་ཕྱག་མཚན་བཞེས་པ་རུ།. །ཉིང་དགོས་དགོས་པའང་ཅི་མཆིས་གཏན་གྱི་སྐྱབས།. །


འོན་ཀྱང་མགོན་ཁྱེད་ཁྱེད་ཀྱིས་བོད་འབངས་ལ།. །མ་གཟིཊ་ཕྲ་རྡུལ་རྡུལ་ཙམ་མ་དམིགས་པས་།. །

བདག་དམན་བློ་སྐྱོན་སྐྱོན་ཆ་ཁོ་ན་ལགས།. །ཁྱེད་ལ་ཉེས་ཆ་ཆ་ཤས་ཀུན་ཟད་ཕྱིར།. །


བདག་སོགས་འགྲོ་ཀུན་ཀུན་མཁྱེན་མ་ཐོབ་བར།. །གང་གི་ཐུཊ་བརྩ་ེབརྩེ་བས་མ་གཏང་བར།. །

རྗེས་བཟུང་དམ་ཆོས་ཆོས་ཀྱི་རོ་མྱོང་སྟེ།. །ཆེས་འཕཊ་སྐུ་བཞི་བཞི་ལྡན་མྱུར་ཐོབ་ཤོག. །

ཅེས་བསྟོད་པ་སྒྲ་རྒྱན་ཉི་ཤུ་པ་འདི་ནི་ས་གླང་ཟླ་བ་གཉིས་པའི་ཚེས་ཉེར་གསུམ་ཉིན་ཤར་མར་བྲིས་སོ།།།.
།།།

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com