Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Thursday, June 16, 2011

ནོ་ཁེ་ཡ་ཁ་པར་ནང་བོད་ཡིག་བླུགས་ཚུལ། Nokia tibetan font


༡ དང་པོ་གཤམ་གྱི་འབྲེལ་ཐག་དེ་བརྒྱུད་ནས་བོད་ཡིག་གི་སྒམ་དེ་ཕབ་ལེན་བྱེད་དགོས།
ནོ་ཁེ་ཡའི་བོད་ཡིག

༼ཐེངས་གཅིག་ལ་མ་ཐུབ་ན་ཡང་སྐྱར་གཅིག་བརྩོན་དང་ཕབ་ལེན་ཐུབ།༽
http://www.esnips.com/nsdoc/874fff33-b5fe-48cb-a5a3-8926f9004eaf/?action=forceDL

༢ དེ་ནས་ http://s60sign.com/ ཞེས་པའི་ནང་ཕྱིན་ནས་གོང་གི་སྒམ་དེའི་ནང་དུ་ཅ་ལག་དྲུག་ཡོད་པའི་ནང་ནས་ནོ་ཁེ་ཡའི་གཉེན་ཆས་ཀྱི་མཚོན་རྟགས་ཅན་གསུམ་ལས་གཉིས་ལ་ཐོ་འགོད་བྱེད་དགོས། དེའི་ཚུལ་ཡང་། རང་ཉིད་ཀྱི་ཁ་པར་N78 N79 N81 སོགས་Series 60 3rd Edition ཡིན་ན་གོང་གསལ་གསུམ་ལས་Font router དང་ baidu 3rd གཉིས་དང་། nokia 5230 སོགས་Series 60 5th Edition ཡིན་ན་Font router དང་ baidu 5thའདེམས་དགོས། ཡང་ནbaidu ཞེས་པའི་མཉེན་ཆས་དེ་ཐོ་འགོད་བྱེད་མི་དགོས་པར་་གཤམ་གྱི་ཁ་བྱང་དེ་ལས་baidu གཉེན་ཆས་ཐད་ཀར་ཕབ་ལེན་བྱས་ནས་ཐོ་འགོད་མ་བྱས་པར་བླུགས་ནའང་འགྲིགས་པ་སྲིད། http://www.esnips.com/nsdoc/26fd8d77-f2b7-431f-afb2-75d711439dbe/?action=forceDL

ཐོ་འགོད་བྱ་ཚུལ་ནི།
གོང་གསལ་དྲ་ཚིགས་འདིར་ཕྱིན་རྗེས། རང་གི་ཁ་པར་IMEI ཨང་གྲངས་དེ་དེར་བླུགས་ནས་འོག་གི་གཡས་ཕྱོགས་དེ་བསྣུན་དགོས། རང་ཉིད་ཀྱི་ཁ་པར་IMEI ཨང་གྲངས་གང་ཡིན་བལྟ་སྟངས་ནི་རང་གི་ཁ་པར་ནང་སྐར་མ་སྒེ་ཁུང་

ཀླད་སྐོར་དང་དྲུག་དེ་ནས་སྒེ་ཁུང་ *#06# བསྣན་ན་ཤེས་ཐུབ། མཉེན་ཆས་ཐོ་འགོད་བྱ་ཆོག་ཆོག་ཆག་པར་འཚམས་རེ་ཚོུད་གཅིག་ཙམ་སྒུག་དགོས་པའང་སྲིད་པས་དེ་ལུགས་ཐུགས་ལ་འཇགས་དགོས། ཐོ་འགོད་བྱེད་ཆོག་

ཆོག་པའི་རྟགས་སུ་ཉིད་ཀྱི་IMEI ཨང་གྲངས་ཡར་བླུགས་ནས་འོག་གི་གཡས་ངོས་དེ་བསྣུན་པ་དང་དྲ་ཐོག་ནས་upload ཡར་འཇུག་བྱེད་ཡོད་པའི་ཤོག་ངོས་ཤིག་སྟོན་ཡོང་། དེའི་ནང་རིམ་བཞིན་གོང་གསལ་དགོས་ངེས་

ཀྱི་གཉེན་ཆས་གཉིས་པོ་རེ་རེ་བཞིན་ཡར་འཇུག་ནས་གཤམ་གྱི་དཔེ་སྟོན་བཞིན་མར་ཕབ་ནས་གློག་ཀླད་རྒྱུད་ནས་སམ་གང་ལྟར་ཁ་པར་ནང་install འཇུག་ཐུབ་པ་བྱེད་དགོས། དེ་ལས་ཁ་པར་ནང་DUཞེས་པའི་མཉེན་ཆས་ཞིག་སླེབས་

ཡོང་།




༤ ཕབ་ལེན་བྱེད་པའི་སྒམ་དེའི་ནང་གི་ལྷག་མ་gyaUchen ཟེར་བ་དེ་བཤུས་ནས་ཁ་པར་དྲན་བྱང་memory chip ནང་གི་data ཞེས་པའི་ནང་གི་fonts ཞེས་པའི་སྒམ་ནང་བླུགས་དགོས། སྒམ་དེ་མེད་ན་གསར་དུ་བཟོས།
༥ ཡང་ལྷག་མ་ Wylie ཞེས་པ་དེ་དང་། sym ཞེས་པ་དེ་གཉིས་དྲན་བྱང་གི་མདུན་ངོས་དེ་གར་བླུགས།
༦ དེ་ནས་ཉིད་ཀྱི་ཁ་པར་ནང་དུ་གསར་དུ་སླེབས་པའི་མཉེན་ཆས་DU ཞེས་པ་དེ་ཁ་ཕྱེ་ནས་དེའི་ནང་གི་བཞི་པ་འདེམས། ཡང་དེའི་ནང་གི་གསུམ་པ་འདེམས། ཡང་དེའི་གཡོན་ཕྱོགས་ཀྱི་option ཁ་ཕྱེ་ནས། དེའི་ནང་གི་དྲུག་པ་འདེམས། དེའི་ནང་ནས་དྲན་བྱང་memory འདེམས་ནས་ད་གིན་གྱི་ Wylie ཞེས་པ་དེ་འདེམས་ནས་yesབསྣུན།







༧ དེ་ནས་ཁྱེད་ཀྱི་ཁ་པར་བསད་ནས་ཡར་གཅིག་ཡར་སྤར་དང་བོད་ཡིག་ཀློག་ཆོག་ཆོག་དང་བྲིས་ཆོག་ཆོག་ཆགས་ཡོད་སྲིད།

༨ འཐེང་གཞོང་འགྲོ་སྟངས།
གསལ་བཤད། གོང་གསལ་ལམ་སྟོན་རྣམས་ཁོ་བོ་རང་ཉིད་ཀྱིས་ལག་ལྟར་བྱས་པ་དང་། གཞིས་བྱེས་ཀྱི་གྲོགས་པོ་འགའི་རོགས་རམ་ལས་ཤེས་པ་འདིར་ཕན་སེམས་ཀྱི་བཀོད་པ་ཙམ་ལས། ཉིད་ཀྱིས་ལག་ལྟར་བྱེད་ཕྱོགས་སོགས་སམ་གང་ཞིག་ལས་ཀྱང་རེ་ཞིག་ཁ་པར་གྱི་མཉེན་ཆས་ལ་སྐྱོན་བྱུང་ན་ཁོ་བོར་འགན་ལེན་མེད་པས་དེ་བརྩིས་དགོངས་འཇགས་ཡོད་པ་ཞུ།།


༢༠༡༡། ༩། ༢༤ ཉིན་བསྐྱར་བསྒྲིགས་བྱས།

87 comments:

  1. རྒྱ་གར་ཀྱི་བཟོ་ཐོན་ནོ་ཁེ་ཡ་དག་ལ་སམབྷོཏ་རྟགས་ཅན་ཀྱི་བོད་ཡིག་མཉེན་ཆས་དེ་བདེ་སྦྱོད་མི་ཐུབ་གི་ ཐབས་ལམ་གཞན་ཡོད་དམ།

    ReplyDelete
  2. ནོ་ཁེ་ཡ་5800 ནང་དུ་བོད་ཡིག་བླུག་ཐཱུབ་ཀྱི་རེད་པས?

    ReplyDelete
  3. ཡུས་ཞུན་ལགས། རྒྱ་གར་ནས་ཉོས་པའི་ནོ་ཁེ་ཡ་དག་ལ་ཡང་བོད་ཡིག་བླུགས་ཐུབ། གོང་འཁོད་བོད་ཡིག་དེ་ལ་རྒྱ་དབུ་ཆེན་ཟེར་འདུག་ལ། baidu མཉེན་ཆས་དང་འབྲེལ་བ་འདུག

    ReplyDelete
  4. བསྟན་འཛིན་ཡར་འཕྲོག་ལགས། ནོ་ཁེ་ཡ་༥༢༣༣ ནང་བོད་ཡིག་ཡོང་གི་འདུག་ན། ནོ་ཁེ་ཡ་༥༨༠༠ ནི་དེ་འདྲ་བས་བོད་ཡིག་ཡོང་གི་རེད་བསམ་གྱི་འདུག

    ReplyDelete
  5. བོད་ཡིག་དེ་རྫོང་ཁ་དབུ་ཅན་ཡིན་ དེ་ནི་འབྲུག་ཡུལ་དུ་ཆེས་དར་བའི་དབུ་ཅན་ཞིག་དང་བོད་དུ་བཞུགས་པའི་སི་ན་དྲ྄་བའི་ཟིན་བྲིས་བྱེད་པོ་སྨྱུག་མིང་ལ་འབྲུག་པ་ཟེར་བ་ཞིག་གིས་ཐོག་མར་མཁོ་སྒྲུབ་གནང་འདུག་

    ReplyDelete
  6. འདི་ལག་ཁྱེར་ཁ་པར NOKIA 7210 ནང་བླུགས་ཐུབ་ཀྱི་རེད་དམ།

    ReplyDelete
  7. ནོ་ཁེ་ཡ་༧༢༡༠ supernova ཞེས་པ་དེའི་མཉེན་ཆས་ symbian s40 སྤྱོད་ཀྱི་ཡོད་པར་སོང་། གོང་གསལ་བོད་ཡིག་དེ་ཡོང་གི་མ་རེད་སྙམ།

    ReplyDelete
  8. བོད་ལ་དགའ་བའི་བུ་ལགས། ཉིད་ནས་ངོ་ཤེས་རྒྱུད་android དང་ bada དེ་བཞིན་samsung དང་ lg སོགས་ནང་བོད་ཡིག་སྤྱོད་ཐབས་ཡོད་མེད་དྲི་གནང་ཐུབ་ན་ལེགས།

    ReplyDelete
  9. བདག་གིས་ཚོད་ལྟ་བྱས་མོད་ NOKIA 5800 ནང་བོད་ཡིག་དག་གི་ཚབ་ཏུ་གྲུ་བཞི་མ་རྐྱང་རྐྱང་ལས་བོད་ཡིག་ངོ་མ་ཞིག་འཆར་མ་ཐུབ་ན་འདི་ལ་ཐབས་ཤེས་གཞན་ཡོད་དམ། ངེས་པར་དུ་ཁ་པར་ནང་རྒྱ་ཡིག་བླུག་དགོས་པ་རེད་དམ།

    ReplyDelete
  10. ཁྱེད་ཀྱི་ཁ་པར་དེར་གོང་དུ་ཕབ་ལེན་བྱས་པའི་ནོ་ཁེ་ཡའི་བོད་ཡིག་སྒམ་དེའི་ནང་གི་མཉེན་ཆས་གསུམ་ལས་ཆེ་ཤོས་དང་ཆུང་ཤོས་གཉིས་install བླུགས་དགོས་པ་དང་། དེ་ཡང་signཐོ་འགོད་བྱས་ནས་བླུགས་དགོས། མ་ཟད་དེའི་རྗེས་མར་བསད་ནས་སྤར་restartདགོས། མ་གཞི་གོང་གི་ལམ་སྟོན་ཇི་བཞིན་མ་འཁྲུག་པར་གནང་ནས་བདེ་རླག་བླུགས་ཐུབ་སྙམ།

    ReplyDelete
  11. 1 ཟུར་གནས་བློ་ལྡན་ནས།
    མཐེབ་ཞོང་བཀོལ་སྟངས་ཅི་འདྲ་རེད་ལགས། གསལ་བཤད་ཞིག་གནང་རོགས་ཞུ།
    2 དགེ་འདུན་ནས།
    ཆོས་གྲོགས་ལགས་ཉིད་ཀྱི་བོད་ཡིག་ལག་ཐོག་ཁ་པར་ཐོག་སྐོར་སྤྱོད་བྱེད་ཚུལ་ཞིག་ཆོས་གྲོགས་རྣམས་ལ་ངོ་སྤྲོད་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ། བཀའ་འདྲི་ཞུ་རྒྱུ་ཞིག་ལ་། ཁ་པར་། ནོ་ཀེ་ཡ། C7 ནང་བོད་ཡིག་འཇུག་ཐུབ་ཀྱི་ཡོད་མེད་སྐོར་ཡིན་གྲོགས་པོ་ཁྱོད་ཀྱིས་དེའི་སྐོར་གསལ་པོ་ཞིག་གསུངས་རོགས་ཞུ། གུས་པའི་ཁ་པར་དེ་C7ཡིན་པའི་དེའི་ནང་བོད་ཡིག་སྐོར་སྤྱོད་བྱེད་ཐུབ་མིན་ཤེས་ཀྱི་མི་འདུག་ལགས་།
    3 འཕྲིན་ལས་རྒྱ་མཚོ་ནས།
    འདིས་ལས་ཀ་བྱེད་ཀྱིན་མི་འདུག ངའི་དུས་ཚོད་མང་པོ་ཞིག་འཕྲོ་བརླག་ཏུ་བཏང་སོང་།
    4 བསྟན་འཛིན་བྱམས་པ། འདི་ཨིན་ཡིག་ནང་རག་ཧི་རེད་དམ།

    གོང་གསལ་དྲི་བ་བཞི་པོ་ངོས་ཀྱི་ངོ་དེབ་ནས་ཁ་བརྡ་ནས་དྲངས།

    ReplyDelete
  12. ༡ གྲོགས་པོ་ཟུར་གནས་བློ་ལྡན་ལགས། མཐེང་ཞོང་གི་པར་ཞིག་གོང་དུ་བཀོད་ཆོག ཕྱིས་སུ་ཉམས་མྱོང་ལས་ཀྱང་ལམ་སྟོན་ཞཱུས་ཆོག

    ༢ གྲོགས་པོ་དགེ་འདུན་ལགས། ནོ་ཁེ་ཡ་ C༧ པའི་ཕལ་ཆེར་ཡོང་གི་རེད་བསམས།

    ༣ གྲོགས་པོ་འཕྲིན་ལས་ལགས། འདི་ཁ་པར་ཚང་མའི་ནང་ལས་ཀ་བྱེད་ཀྱི་མ་རེད།

    ༤ བསྟན་འཛིན་བྱམས་པ་ལགས། འདི་དབྱིན་ཡིག་ནང་བསྒྱུར་འཚམས་སྟོན་ཆོག་ད་ལྟ་རྒྱ་ཡིག་ནང་མ་གཏོགས་མཐོང་མ་སོང་།

    ReplyDelete
  13. ནོ་ཁེ་ཡ་ C5 དང་ E61 དང་ 5233 ནང་བོད་ཡིག་བདེ་བླག་ཡོང་གི་འདུག

    ReplyDelete
  14. དྲ་ངོས་དང་པོ་དེ་ལ་ཐོ་འགོད་བྱེད་ས་ཞིག་འདུག་པས་ཡག་པོ་ཞིག་ཧ་གོ་གི་མི་འདུག འདྲ་དཔར་གྱི་ལམ་ནས་གསལ་སྟོན་གནང་ཆོག་གམ།

    ReplyDelete
  15. མཛད་སྤྱོད་པ་ཡོངས་ལ་ཞུ་རྒྱུར་གོང་གི་བོད་ཡིག་མཉེན་ཆས་དེ་nokia os-symbian 60series sth & 3rd edition མིན་པའི་ symbian os ^3 སྤྱོད་མཁན་གྱི་ཁ་པར་nokia c7 སོགས་ཀྱི་ནང་ལ་བླུགས་ན་ཁ་པར་ལ་སྐྱོན་ཤོར་གྱི་འདུག་པས་དེ་ལུགས་དགོངས་འཇག་ཡོད་པ་ཞུ་རྒྱུ་དང་་་་་གཉེན་ཆས་འདི་བླུགས་ཟིན་ཡང་བོད་ཡིག་བྲེས་ཐུབ་མིན་གཏན་འཁེལ་མིན་འདུག་ འོན་ཀྱང་བོད་ཡིག་གི་དྲ་རྒྱ་ཁག་བལྟ་ཀློག་ཐུབ་པ་མ་ཟད་བོད་ཡིག་ཡོད་པའི་ཁ་པར་ཨཱའེ་ཕྷོན་(iphone)ལྟ་བུ་ནས་བོད་ཡིག་འཕྲིན་ཐུང་བསྐུར་ཡང་ཀློག་ཐུབ་ཀྱི་འདུག །
    ཁ་པར་ནང་བླུགས་མ་ཤེས་པ་དང་ཁ་པར་གྱི་symbian os གང་ཡིན་མ་ཤེས་པ་སོགས་བྱུང་ན་གུས་པ་ལ་གཤམ་གྱི་
    ཁ་བྱང་སྟེང་འབྲེལ་བ་གནང་རོགས་ སྤྲོ་བཞིན་དུ་རོགས་པ་ཞུས་ཆོག །
    livefun07@yahoo.com

    ReplyDelete
  16. ཨོ་ཡ་ཐུགས་རྗེ་ཆེ།
    བདག་གིས་NOKIA 5800ནང་བོད་ཡིག་དེ་བླུགས་ཟིན། བོད་ཀྱི་དུས་བབ་དང་མཚོ་སྔོན་བོ་བོད་ཡིག་དྲ་བ་སོགས་ཡང་དག་པར་ཀློག་ཐུབ་ཀྱིན་འདུག་པས་དགའ་ཚོར་དཔག་མེད་བྱུང་། ཁ་པར་ཨཱའེ་ཧྥོན་(iphone)ཞེས་པ་ནས་བཏང་བའི་བོད་ཡིག་གི་འཕྲིན་ཐུང་ཡང་ཀློག་ཐུབ་ཀྱི་འདུག འོན་ཀྱང་བོད་ཡིག་ཇི་ལྟར་འབྲི་དགོས་མིན་གསལ་བོ་ཞིག་མ་ཤེས་པས་འདིར་ལམ་སྟོན་གནང་རོགས།

    ReplyDelete
  17. ཁྲག་ཐིགས་ལགས། ངས་ད་དུང་དེ་ལས་གསལ་ཙམ་དང་བརྙན་པར་ཐོག་བཟོ་བསམ་པ་ཡོད། གོང་གི་ནོ་ཁེ་ཡའི་བོད་ཡིག་ཞེས་པར་དེར་ཐེངས་གཅིག་གནོན་ནས་ཕབ་ལེན་མ་ཐུབ་ན་ཡང་བསྐྱར་ཐེངས་གཅིག་མགོ་ནས་གནོན་དགོས།

    livefun ལགས། ང་ཚོས་ C7 ནང་ཡོང་གི་ཡོད་མེད་ལྟ་རྒྱུ་མ་བྱུང་། རྗེས་སུ་བླུགས་ཐུབ་ན་འདིར་ཞུས་ཆོག སྤྱིར་བཏང་ཡིག་གཟུགས་དེ་ཁ་པར་ནང་བླུགས་སྟངས་འཁྲུགས་ན་ཁ་པར་སྤར་བ་དང་ཤི་བ་ཡང་ཡོང་གི་འདུག འོན་ཀྱང་དྲན་བྱང་མར་ memory card བཏོན་ན་ཁ་ཕྱེ་ཐུབ་ཀྱི་འདུག་ལ། དེ་དུས་ཐབས་ཤེས་གཏོང་ཆོག

    བསྟན་འཛིན་ཡར་ཐོགས་ལགས། ཉིད་ལ་གྲུབ་འབྲས་འཐོན་པ་དང་། ལྷག་པར་ཉིད་ནས་འདིར་ལན་གནང་བ་ཤིན་ཏུ་དགའ་པོ་བྱུང་། རྗེས་སུ་གྲོགས་པོ་གཞན་དག་ལ་ཡང་ཉིད་ཀྱི་གང་ཤེས་པ་དེ་ལམ་སྟོན་གནང་རོགས།

    ReplyDelete
  18. ར་ས་ཕོ་ཉ་ལགས། ངས་བརྙན་ཆས་签名后安装包ཕབ་ལེན་བྱས་རྗེས་སུ་gyaUchen ཟེར་བ་ཞིག་རག་མསོང་། ངས་བརྙན་ཆས་དེ་ཕབ་ལེན་བྱས་རྗེས་直签工具ཟེར་བའི་བརྙན་ཆས་གསར་པ་ཞིག་སླེབས་སོང་། ད་དུང་DUཟེར་བ་ཞིག་སླེབས་ཐུབ་ཀྱི་མི་འདུག །ར་ས་ཕོ་ཉ་ལགས། གལ་སྲིད་ཁྱེད་རང་ལ་འབྲེལ་གནང་ཡུལ་ཁ་པར་ཨང་གྲངས་ཞིག་ཡོད་ན་གནང་རོགས་གནང་། ཐུགས་རྗེ་ཆེ།

    ReplyDelete
  19. 直签工具 དེ་སླེབས་ན་ཁྱེད་ཀྱི་བྱེད་སྟངས་ནོར་བ་རེད། དང་པོ་ཁྱེད་ཀྱིས་གོང་གི་ནོ་ཁེ་ཡའི་བོད་ཡིག་ཞེས་པ་དེར་བསྣུན་ནས་MB 10 བྱས་པ་ཞིག་ཕབ་ལེན་བྱེད་དགོས།

    ReplyDelete
  20. c7 སོགས་གཏན་ནས་ཁ་མ་ཕྱེ་ན། དཀར་ཆག menu,དང་སྐད་ཆུང་དུ་གཏོང་བྱེད་ volume down+དང་དཔར་ཆས་དང་camera key+ སྤར་བྱེད་ཀྱི་turn on button མཛུབ་སྣོན་རྣམས་ལྷན་དུ་བསྣུན་ན་ཁ་པར་འབར་གྱི་འདུག འོན་ཀྱང་ཁ་བྱང་སོགས་མང་པོ་ཞིག་གསུབ་ཀྱི་འདུག

    ReplyDelete
  21. ར་ས་ལགས་དེ་རྣམས་བརྙན་པར་་ཐོག་བཟོ་རོག

    ReplyDelete
  22. ར་ས་ཕོ་ཉ་ལགས་ ངས་Nokia 5800 Nokia x6 གཉིས་ནང་དུ་བོད་ཡིག་བླུག་ཡ་ཆ་ཚང་ལེགས་གྲུབ་བྱུང་སོང་། ཡིན་ནའང་ད་ལྟ་སྐྱོན་གཅིག་ལ་གི་གུག་དང་འགྲེང་བུ། ན་་རོ་སོགས་ཕྱེད་ཀ་མ་ཏོག་སླེབས་ཐུབ་་ཀྱི་མི་འདུག །
    དཔེར་ན། ཡིད་བཞིནནོར་བུ་ཟེར་བྲིས་པ་ཡིན་ན། ཡད་བཞན་ནར་བུ་སླེབས་ཡོང་གི་འདུག གི་གུ་དང་འགྲེང་བུ་ ན་རོ་སོགས་ཕྱེད་ཀ་མ་ཏོག་མཐོང་ཐུབ་ཀྱི་མི་འདུག དེ་ག་རེ་ཡིན་ན།

    ReplyDelete
  23. བསྟན་འཛིན་ཡར་ཐོག་ལགས། ཁྱེད་ཀྱི་འཕྲིན་ཐུང་འབྲི་དུས་ཡིག་ཕྲེང་རེ་ཕབ་ན་འགྲེང་པོ་སོགས་མཐོང་ཐུབ་སྙམ།

    ReplyDelete
  24. c7 ནང་དུ་བོད་ཡིག་བླུག་ནས་སྒོ་ཁྱོན་ནས་ཕྱེ་ཐུབ་ཀྱི་མི་འདུག དཀར་ཆག menu,དང་སྐད་ཆུང་དུ་གཏོང་བྱེད་ volume down+དང་དཔར་ཆས་དང་camera key+ སྤར་བྱེད་ཀྱི་turn on button མཛུབ་སྣོན་རྣམས་ལྷན་དུ་བསྣུན་ན་ཡང་སྒོ་ཕྱེ་ཐུབ་ཀྱི་མི་འདུག དེ་འདྲ་ཆགས་དུས་ག་འདྲ་བྱེད་དགོས་ཡོད་མེད་ལམ་སྟོན་གནང་རོགས་ཞུ།

    ReplyDelete
  25. ར་ས་ཕོ་ཉ་ལགས།
    Nokia5800སོགས་ནང་བོད་ཡིག་འཆར་ཐུབ་ཡང་བྲིས་ཐུབ་ཀྱི་མིན་འདུག་ འདི་ཁ་པར་ནང་རྒྱ་ཡིག་མེད་ཙང་ཡིན་ནམ་ཡང་ན་རྒྱུ་རྐྱེན་གཞན་ཡིན་་ ཐབས་ཤེས་འདྲ་ཡོད་ན་གནང་རོགས་་ གཞིས་ལུས་ཀྱི་གྲོགས་པོ་དག་ལ་འདྲི་ས་ཡོད་ན་འདྲི་རོགས་ འདིའི་ཐད་ཐུགས་འཁུར་གནང་བར་ཐུགས་རྗེ་ཆེ །
    Livefun 07

    ReplyDelete
  26. དེ་ནི་གོང་གི་མཉེན་ཆས་གསུམ་ལས་ཆེ་བ་གཉིས་པོ་གང་རུང་གཅིག་བླུགས་སྟངས་ནོར་བས་རེད། ཁྱེད་ཀྱིས་ཆེ་ཤོས་དེ་(2mb)བླུགས་དགོས་རེད་སྙམ།

    ཁོ་བོས་དེ་རིང་ ནོ་ཁེ་ཡ་ C7 ནང་འབད་བརྩོན་གྱིས་ཀྱང་བོད་ཡིག་བླུགས་ཐུབ་མ་སོང་།

    ReplyDelete
  27. ར་ས་ཕོ་ཉ་ལགས་
    ཁོ་བོས་ཀྱང་s60 5th edition བྱས་པ་ལ་(mb2.7)བྱས་པ་དེ་བླུགས་པ་ཡིན་མོད་ བོད་ཡིག་བྲིས་གཏན་ནས་ཐུབ་ཀྱི་མིན་འདུག །

    བསྟན་འཛིན་ཡར་ཐོག་ལགས་ལ་ཐབས་ཤེས་འདྲ་ཡོད་ན་གསུངས་རོགས །

    ReplyDelete
  28. ར་ས་ཕོ་ཉ་ལགས་ ནོ་ཁེ་ཡx3ནང་དུ་བོད་ཡིག་བླུགས་ཐུབ་ཀྱི་འདུག་གམ།འདིའི་ནང་དུ་བོད་ཡིག་བླུགས་ན་སྐྱོན་བྱུང་གི་ཨེ་རེད། དེ་མ་གཏོགས་པའི་ནོ་ཁེ་ཡ་གང་གི་ནང་དུ་བོད་ཡིག་བླུགས་ན་ཡག་པོ་ཡོང་གི་རེད།

    ReplyDelete
  29. ཡང་ན་གཞན་པ་mb 1 ལྷག་ཙམ་བྱས་པ་དེ་བླུགས་དང་བལྟ་རྒྱུ་ཡོད།

    ReplyDelete
  30. ་upload ཡར་འཇུག་བྱེད་ཡོད་པའི་ཤོག་ངོས་ཤིག་སྟོན་ཡོང་། ཞེ་པའི་ཤོག་ངོས་ག་འདྲ་ཞིག་སྟོན་ཡོང་མེད་གསལ་པོ་ཞིག་གསུང་རོག བློ་བཟང་ནས།

    ReplyDelete
  31. གོང་གི་པར་རིས་གཉིས་པ་འདྲ་པོ་ཞིག་ཡོད། པར་བླུགས་རྒྱུ་ལྷག་འདུག་དགོངས་དག

    ReplyDelete
  32. ར་ས་ཕོ་ཉ་ལགས། གུས་པའི་ལག་འཕྲིན་གྱི་རྟགས་འདི་རེད། Nokia 6303ci་ལག་འཕྲིན་འདིའི་ནང་བོད་ཡིག་ཡར་འཇུག་བྱེད་ཐུབ་ཀྱི་ཡོད་དམ། གུས་པས་གོང་གི་ཁྱེད་ཀྱི་ལམ་སྟོན་ལྟར་སྙི་ཆས་དག་རྩིས་འཕྲུལ་ནང་ཕབས་ལེན་བྱས་ཟིན་ནའང་། ལག་པར་ནང་ཡར་འཇུག་བྱེད་ཤེས་ཀྱི་མི་འདུག ལག་འཕྲིན་ལས་memory chip དང་དན་གྲངས་སམ་data ཟེར་བ་འདི་ཚོ་རྙེད་ཀྱི་མི་འདུག ག་འདྲ་ཡིན་ནམ། ལམ་སྟོན་གནང་རོགས། ངའི་ཁ་པར་རྒྱ་གར་ནས་ཉོས་པ་ཡིན།

    ReplyDelete
  33. ནོ་ཁེ་ཡ་ X3 དང་ ནོ་ཁེ་ཡ་ ༦༣༠༣ གཉིས་ཆར་མ་ལག་མཉེན་ཆས་Symbian Series 40 ཡིན་པར་སོང་གོང་བཀོད་བོད་ཡིག་དེ་བཀོད་སྤྱོད་ཐུབ་ཀྱི་མ་རེད་སྙམ།

    གཤམ་གསལ་ནོ་ཁེ་ཡ་སོགས་ཀྱི་ཁ་པར་དེ་ཚོའི་ནང་ཡོང་བའི་རེ་བ་ཡོད།

    (མ་ལག་མཉེན་ཆས་ S60 3rd Edition ཅན་ཁག)
    Nokia 3250
    Nokia 5500 Sport
    Nokia E50
    Nokia E60
    Nokia E61
    Nokia E61i
    Nokia E62
    Nokia E65
    Nokia E70
    Nokia N71
    Nokia N73
    Nokia N75
    Nokia N77
    Nokia N80
    Nokia N91
    Nokia N91 8GB
    Nokia N92
    Nokia N93
    Nokia N93i
    Samsung SGH-i570

    LG KS10
    LG KT610
    LG KT615
    Nokia 5700 XpressMusic
    Nokia 6110 Navigator
    Nokia 6120 Classic
    Nokia 6121 Classic
    Nokia 6124 classic
    Nokia 6290
    Nokia E51
    Nokia E63
    Nokia E66
    Nokia E71
    Nokia E90 Communicator
    Nokia N76
    Nokia N81
    Nokia N81 8GB
    Nokia N82
    Nokia N95
    Nokia N95 8GB
    Samsung SGH-G810
    Samsung SGH-i400
    Samsung SGH-i408
    Samsung SGH-i450
    Samsung SGH-i458
    Samsung SGH-i520
    Samsung SGH-i550
    Samsung SGH-i550w
    Samsung SGH-i560
    Samsung SGH-i568

    Nokia 5320 XpressMusic
    Nokia 5630 XpressMusic
    Nokia 5730 XpressMusic
    Nokia 6210 Navigator
    Nokia 6220 Classic
    Nokia 6650 fold
    Nokia 6710 Navigator
    Nokia 6720 Classic
    Nokia 6730 Classic
    Nokia 6760 Slide
    Nokia 6790 Surge
    Nokia C5-00
    Nokia E5-00
    Nokia E52
    Nokia E55
    Nokia E71x
    Nokia E72
    Nokia E75
    Nokia N78
    Nokia N79
    Nokia N85
    Nokia N86 8MP
    Nokia N96
    Nokia X5
    Samsung GT-i8510 (INNOV8)
    Samsung GT-I7110
    Samsung SGH-L870

    (མ་ལག་མཉེན་ཆས་ S60 5th Edition ཅན་ཁག)
    Nokia 5228
    Nokia 5230
    Nokia 5233
    Nokia 5235
    Nokia 5250
    Nokia 5530 XpressMusic
    Nokia 5800 XpressMusic
    Nokia 5800 Navigation Edition
    Nokia C5-03
    Nokia C6-00
    Nokia N97
    Nokia N97 mini
    Nokia X6
    Samsung i8910 Omnia HD[8]
    Sony Ericsson Satio
    Sony Ericsson Vivaz
    Sony Ericsson Vivaz Pro

    ReplyDelete
  34. ར་ས་ཕོ་ཉ་ལགས་ངས་གོ་རིམ་མ་ནོར་ནོ་ཁེ་ཡ་བོད་ཡིག་ངས་རྒྱ་གར་ནས་ཉོས་པའི་nokia N97 mini་རུ་ནང་འཇུག་བྱས་ཀྱང་ཡིག་གེ་ཆ་ཚང་སྒམ་གྲུ་བཞི་མ་རྐྱང་རྐྱང་ལས་གཞན་གང་ཡང་ཤར་གྱི་མི་འདུག་པས་དེའི་རྒྱུ་རྐྱེན་ག་རེ་ཡིན་ནམ། ངའི་ཁ་པར་ནང་དུ་སྐད་ཡིག་English དང་་philipo གཉིས་མ་གཏོགས་མི་འདུག་པས་དེའི་རྐྱེན་གྱིས་ཡིན་ནམ།

    ReplyDelete
  35. ཡིག་གཟུགས་དེ་གཉིས་མ་གཏོགས་མེད་ནའང་འགྲིགས་ཀྱི་འདུག ཕལ་ཆེར་བླུགས་སྟངས་མི་འགྲིགས་པ་ཡིན་རྒྱུ་རེད།

    ReplyDelete
  36. ཨ་རོ་DUཟེར་བའི་མཉེན་ཆས་དེ་ཁ་པར་གང་ཡིན་ལ་ནང་འཇུག་བྱས་ཆོག་གམ ཡང་ན་རེ་རེ་ལ་མ་འདྲ་བ་ཕབ་ལེན་བྱེད་རྒྱུ་ཡོད། ལན་ཞིག

    ReplyDelete
  37. ར་ས་ཕོ་ཉ་ལགས།གོང་གསལ་སྡེ་ཚན་གཉིས་ནང་གི་ཐོ་འགོད་དང་ཡར་འཇུག་བྱེད་སྟངས་དེ་ཅུང་ཟད་ཁ་གསལ་བོ་ཞིག་གསུངས་རོགས་ཞུ་ཐུགས་རྗེ་ཆེ། ངས་ཐེངས་ཁ་ཤས་ལ་ཚོད་ལྟ་བྱས་ཀྱང་ལེགས་གྲུབ་བྱུང་མ་སོང་། གལ་སྲིད་ཁོམ་པ་བྱུང་སོང་ན་ཐུགས་རྗེ་ཆེ་དཔར་རུས་གྱི་ལམ་ནས་གསལ་བཤད་གནང་རོགས་ཞུ་གང་ཡིན་ཟེར་ན་ངས་རྒྱ་ཡིག་ཤེས་ཀྱི་མེད།ཐུགས་རྗེ་ཆེ།ཁ་དྲོ།ཚེ་རིང་།ཁྱོད་ཀྱི་བྱ་བ་ལམ་འགྲོ་ཡོང་བར་ཤོག

    ReplyDelete
  38. Symbian 60 མ་ལག་མཉེན་ཆས་ཅན་གྱི་ཁ་པར་ནང་བོད་ཡིག་བླུགས་ཚུལ་བརྙན་པར་ནང་ཡོད།http://www.youtube.com/watch?v=aR9Qf9MTKp0

    DU རྟགས་ཅན་གྱི་baidu མཉེན་ཆས་དེ་Android ཁ་པར་སོགས་ཀྱི་ནང་བླུགས་ཆེད་མི་འདྲ་བ་ཡོད་ཀྱང་། ནོ་ཁེ་ཡ་ནང་ཕལ་ཆེར་གཅིག་པ་རེད། ཡིན་ནའང་། སོ་སོའི་ཁ་པར་ཀྱི་ཐོ་འགོད་བྱེད་དགོས།

    ReplyDelete
  39. ར་ས་ཕོ་ཉ་ལགས་ཐུགས་རྗེ་ཆེ། པར་རིས་གཉིས་པ་དེ་སྟོན་པའི་ཡར་བླུགས་ཐུབ་སོང་། བློ་བཟང་ནས།

    ReplyDelete
  40. ར་ས་ཕོ་ཉ་ལགས། གུས་པའི་ལག་འཕྲིན་གྱི་སྙི་ཆས་མ་ལག་Symbian Fifth Edition ཡིན་སྟབས་བོད་ཡིག་འཇུག་ཐུབ་ཀྱི་མི་འདུག
    འོན་ཀྱང་། ར་ས་ཕོ་ཉ་ལག རྟགས་འདི་ཅན་གྱི་ལག་འཕྲིན་ནང་བོད་ཡིག་འཇུག་ཐབས་གསར་པའམ། ཐབས་ལམ་གཞན་པ་རེ་ཡོད་མེད་གཟིགས་རོགས།
    IMEI IMEI: 354345041070302
    Brand Model: Nokia 6303ci
    Release time:
    System Type: s40

    ReplyDelete
  41. ར་ས་ཕོ་ཉ་ལགས་ངའི་ཁ་པར་ཐོ་འགོད་བྱེད་དུས་འདི་ལྟ་བུ་ཞིག་ཤར་ནས་ཆུ་ཚོད་གཉིས་སྒུག་ཀྱང་གང་ཡང་ཡོང་ཡ་མི་འདུག་པས་ཐུགས་རྗེ་ཆེ་ལམ་སྟོན་ཞིག་གནང་རོགས་ཞུ།
    首页 > IMEI查询|在线直签

    串号IMEI:3583150361xxxxx
    品牌型号:Nokia N97mini
    发行时期:
    系统类型:s60v5
    注:如果型号不正确,请点击这里修改!

    系统正在对您的IMEI(3583150361xxxxx)首次运行直签进行初始化工作,请稍后(2小时内)再试即可进行在线签名

    ReplyDelete
  42. ལག་ཁྱེར་ནང་memory chip དང་དན་གྲངས་སམ་data ཟེར་བ་དེ་ཚོ་གང་དུ་ཡོད་དམ། nokia 5233 ནང་དེ་འདྲ་ཞིག་མེད་པ་འདྲ། གསར་བ་བཟོ་ན་གང་དུ་བཟོའམ།

    ReplyDelete
  43. ཁྱེད་རང་དགོངས་འཆར་གསུངས་ཐུགས་རྗེ་ཆེ་ཞུ་ཞུ།།

    ReplyDelete
  44. མཆན་འགོད་མཁན་རྣམས་ཀྱི་མིང་རེ་བྲིས་ན་ལན་འདེབས་བྱེད་བདེ་བ་འདུག

    ཉིན་ཤས་ནང་གོང་འཁོད་ཐོ་འགོད་བྱ་ས་http://s60sign.com/དེར་དོན་རྐྱེན་བྱུང་ནས་རེ་ཞིག་ལས་ཀ་བྱེད་ཀྱི་མི་འདུག འོན་ཀྱང་ལམ་ཁ་གཞན་ཞིག་ཡོད་པ་ནི་གཤམ་གྱི་མཉེན་ཆས་དེ་ཕབ་ལེན་བྱས་ནས་རང་གི་ཁ་པར་ནང་བླུགས་ནས་ཐོ་འགོད་བྱ་ཚུལ་དེ་ཡིན། མཉེན་ཆས་དེའི་འབྲེལ་ཐག http://s60sign.com/mbclient/s60sign_ss.v121.s60v3v5.b20110203.sisx
    ཡང་ན་དྲ་ཚིགས་དེར་http://www.shoujizu.net/en/list_p-1_s-1.html སོང་ནས་རང་མིང་register བྱས་པའི་རྗེས། དྲ་ཚིགས་དེར་http://cer.s603rd.cn/ དེར་འགྲོ་ན་མཉེན་ཆས་གཉིས་པོ་དེ་sign ཐོ་འགོད་བྱ་ཐུབ་བམ་སྙམ། སྤྱིར་བཏང་ལྷ་རབ་བྱུང་ན་ཉིན་ཆས་སྒུག་གནང་དང་གོང་གི་དྲ་ཚིགས་དང་པོ་དེའི་ལས་ཀ་བྱེད་ཡོང་།

    ReplyDelete
  45. དྲན་བྱང་memory chip ནང་data ཟེར་བ་མེད་ན་གསར་དུ་བཟོས།

    ReplyDelete
  46. 但是我发现一个破s解软件的一个程序或软件所有软件都不用签名,特给力!洒家试试但没法用在俺的手机上。。。
    还是期待塞班直签吧!

    ReplyDelete
  47. 塞班直签网站提示:由于塞班系统调整,初始化暂时只能提供有限度服务,请个别用户耐心等待,估计一周后才能恢复正常,期间其他服务正常,敬请见谅!

    ReplyDelete
  48. གྲྭ་རྐྱང་ནས།6/28/2011 11:51 PM

    ར་ས་ལགས། ངའི་ཁ་པར་དེ་རྡོ་མོ་བྷེལ་རེད། འདིའི་ནང་དུ་བོད་ཡིག་མི་འདུག་དུས་བབ་དང་། བང་ཆེན་སོགས་ཀློག་ཐུབ་ཀྱིན་མི་འདུག་ལམ་སྟོན་རེ་གནང་རོགས། གྲྭ་རྐྱང་ནས།

    ReplyDelete
  49. རྒྱ་ཡིག་རྐྱང་པའི་ངང་མཆན་བུ་མ་བཏབ་རོགས་བྱོས།

    གྲྭ་རྐྱང་ལགས། རྡོ་ཁ་པར་ནང་རེ་ཞིག་བོད་ཡིག་བླུགས་ཐབས་མེད་པ་འདྲ། འོན་ཀྱང་བོད་དུ་རྒྱ་ནག་གི་བཟོ་གྲྭ་དེ་འདྲས་བཟོས་པའི་བོད་ཡིག་ཅན་གྱི་རྡོ་ཁ་པར་དེ་འདྲ་ཡང་ཡོད་ཚོད་འདུག

    ReplyDelete
  50. ར་ས་ཕོ་ཉ་ལགས།
    ནོ་ཁེ་ཨེ་5233 ནང་བོད་ཡིག་ཡོང་གི་ཡོད་ནམ། གུས་པའི་ཁྱེད་ཀྱི་གསུང་པ་དང་བསྟོན་པ་ལ་ལྟ་ནས་ ཐེན་མང་པོ་འབྱུག་པ་ཡིན། ཡིན་ཡང་ཕབ་ལེན་རིགས་དེ་བྱུང་ན་ཡང་། ཁ་པ་ནང་ལ་ install བྱེད་ཐུག་གིི་མི་འདུག་གང་ཡིན་ནམ།

    ReplyDelete
  51. ར་ས་ཕོ་ཉ་ལགས། nokia 6500s-1 ཅན་གྱི་ཁ་པར་ནང་བོད་ཡིག་བླུག་ཐུབ་ཀྱི་འདུག་གམ།
    ལན་འདེབས་ཤིག་ཡོང་རྒྱུ་མཁྱེན།
    བསྟན་པ་ཆོས་འཕེལ་ནས།

    ReplyDelete
  52. གྲོགས་པོ་ཚོ། ཉིན་ཤས་རིང་སྐུའི་འཁྲུངས་སྐར་གྱིས་རྐྱེན་པས་འདིར་ལན་འདེབས་བྱ་ཁོམ་མ་བྱུང་བས་དགོངས་དག

    ནོ་ཁེ་ཡ། 5233 ནང་བོད་ཡིག་བདེ་བླག་ཡོང་གི་འདུག འོན་ཀྱང་ཉིན་ཤས་གོང་ཐོ་བཀོད་བྱ་ས་དེ་བེད་མེད་དུ་གྱུར་འདུག་ཀྱང་། ད་ལྟའི་ཆར་ལས་ཀ་བྱེད་ཀྱི་ཡོད་པ་འདྲ་བས། ཉིད་ནས་ཡང་བསྐྱར་ཁོ་བོའི་ལམ་སྟོན་བཞིན་གནངས་དང་། གྲུབ་འབྲས་ཐོབ་པའི་རེ་བ་ཡོད།

    བསྟན་པ་ཆོས་འཕེལ་ལགས།
    ཉིད་ཀྱི་ཁ་པར་དེ་ནི། symbian s40 གྲངས་སུ་འགྲོ་བས་ཕལ་ཆེར་བོད་ཡིག་བླུགས་ཐུབ་ཀྱི་མ་རེད་བསམས།

    ReplyDelete
  53. This comment has been removed by the author.

    ReplyDelete
  54. NOKIA 5800 ནང་བོད་ཡིག་བླུགས་ཐུབ་ཀྱིས་རེད་པས་། གལ་སྲིད་བྱུང་ན་ལན་ཞིག་གནང་རོགས་ཞུ།

    ReplyDelete
  55. ངས་ཐབས་ཤེས་མང་པོ་བྱས་པ་ཡིན་ཡིན་ན་ཡང་ད་བར་དུ་བླུགས་ཐུབ་མ་སོང་ལྷན་རྒྱས་མཚོ་ཐུགས་རྒྱུས་ཡོད་ན་ཕྲན་ལ་གསུང་རོགས་གནང་ཕན་ཐོག་འདུག

    ReplyDelete
  56. དེང་སང་ཡོང་གི་མི་འདུག གཙོ་བོའི་དགག་རྩ་དེ་sign བྱ་ས་དེ་ཡིན་པ་འདྲ། རྗེས་སུ་ཐབས་ཤེས་ཐུབ་ན་འདིར་ཞུ་ཆོག

    ReplyDelete
  57. ར་ས་ཕོ་ཉ་ལགས་ཁྱེད་ཀྱི་ཐུབ་ལ་མ་ཐུབ་ཀྱི་ལས་ཀ་དེ་ལ་མགོ་འཁོར་ནས་མ་སྡད་པར་བོད་དུ་ཡོད་པའི་དགེ་རྒན་བློ་བཟང་ལགས་ཀྱི་ཉེ་དུས་བོད་ཡིག་ལག་ཁྱེར་ཁ་པར་ཞིག་བཟོས་འདུག་པས་ཁོང་དང་འབྲེལ་བ་བྱས་ནས་nokia སོགས་པའི་ལག་ཁྱེར་ཁ་པར་དུ་བོད་ཡིག་འཇུག་ཐུབ་ངེས་ཞིག་གནང་ན་བཟང།

    ReplyDelete
  58. ངས་ཁྱེད་ཀྱི་ལ་སྟོན་ལྟར་ཐེངས་མང་བྱས་ཀྱང་གྲུབ་འབྲས་གང་ཡང་ཐོན་མ་སོང་ལ་སྤྱིས་ཚོགས་ཀྱི་ཁྲོད་དུ་ཡང་དེས་གྲུབ་འབྲས་ཐོན་པའི་སྐད་ཆ་ཡང་གོ་རྒྱུ་མི་འདུག་ ཁྱེད་ཀྱི་བརྩོན་པ་ལྷོད་མེད་ཀྱི་ཡང་སྐྱར་དེའི་ཐད་གང་ལེགས་ཞིག་ཡོང་བའི་འབད་བརྩོན་གནང་རོག་

    ReplyDelete
  59. རྡོར་རྗེ་ལགས། གོང་གི་མཆན་བུ་དག་ལ་གཟིགས་དང་ཁ་སེང་མི་ཁ་ཤས་ལ་གྲུབ་འབྲས་འཐོན་ཡོད། འོན་ཀྱང་རེ་ཞིག་ཐོ་འགོད་བྱེད་སའི་དྲ་ཚིགས་དེ་སྐྱོན་ཤོར་བས་རེད། ད་ཆ་གོང་གི་འབྲེལ་ཐག་དེར་བསྒྱུར་བཅོས་ཤིག་བྱས་ཡོད་པས། གྲུབ་འབྲས་མི་དམན་ཙམ་ཐོབ་པའི་རེ་བ་ཡོད།

    ReplyDelete
  60. གལ་སྲིད་བོད་ཡིག་ཡིག་གཟུགས་དགོས་མཁོ་འདུག་ན་ཁྱེད་ཀྱི་གླིག་འཕྲིན་ཁ་བྱང་འདི་གར་འཇོག་རོགས་ང་ཚོས་གཏོང་ཆོག
    ཡིན་ནའང་ཉེ་ཆར་གསར་ཐོན་གྱི་ལག་འདོགས་ཁ་པར་རྣམས་ལ་འགྲོ་གོཝི་མིན་འདུག་པའ་དགོངས་སེལ་ཞུ་
    5233,5800,n73,n79,n78,e63 སོགས་ལ་ཡག་པོ་ཡོང་གི་འདུག

    ReplyDelete
  61. 如果您需要诺基亚手机藏文程序 请您留下您的电邮地址我们将软件发送到您的邮箱里但无法确保安装成功率还有最近退出的新型诺基亚手机基本上无法安装此程序因此请确认后留下评论。测试安装成功的类型有诺基亚5233,5800,n79,n78,e63等 (注:因本软件是自制第三方软件安装后出现障碍后果自负先前请三思再而行吧)

    ReplyDelete
  62. ཨ་རོགས་གྲོགས་པོ་ལགས་ nokia c6-01 ནང་ལ་བོད་ཡིག་འདི་བཅུག་ན་ཡོང་གི་ཡོད་མེད་དང་། memory chip date ནང་ལ་ fonts ག་འདྲ་བྱེད་ནས་བཟོ་དགོས་པ་དང་། རྒྱ་ཡིག་ལ་མ་གཏོག་དབྱིང་ཡིག་ལ་ཡོང་གི་ཡོད་མེད་སྐོར་ཀྱི་རོགས་རམ་གྱི་ལན་ཞིག་གནང་རོགས་་་་་་་་་་་་་་་་་་་་་་་་་་།།།།།།

    ReplyDelete
  63. དངོས་གནས་ཕན་ཐོག་ཆེན་པོ་ཡོད་པས་ཁྱེད་ཅག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    བོད་ཡིག་དེ་ཕབ་ལེན་བྱེད་པར་ཐོ་འགོད་བྱེད་དགོས་སམ།
    ཁོ་བོས་བོད་ཡིག་ཕབ་ལེན་བྱས་མ་ཐུབ་པས་ཁོ་བོའི་གློག་འཕྲིན་ཁ་བྱང་འདི་བརྒྱུད་ནས་བོད་ཡིག་དེ་བསྐུར་གནང་ཡོང་བའི་རེ་བ་དང་བཅས་རྩེ་སྐར་གྱིས།

    ReplyDelete
  64. gartsek@yahoo.comངའི་གློག་འཕྲིན་ཁ་བྱང་གོང་གི་འདི་ཡིན། རྩེ་སྐར་གྱིས།

    ReplyDelete
  65. hellow, this is a good tutorial. i like it very much.

    ReplyDelete
  66. གྲོགས་པོ་ཚེ། ཁོ་བོས་ད་ལྟ་རང་nokia e63 ཞིག་གི་ནང་དུ་བོད་ཡིག་བླུགས་པ་ཡིན། གནས་ཚུལ་གསར་པ་ནི་baidu ཞེས་པའི་མཉེན་ཆས་ཐོ་འགོད་བྱེད་མི་དགོས་པ་གཤམ་གྱི་འབྲེལ་ཐག་ནས་ཐད་ཀར་ཕབ་ལེན་བྱས་ནས་བླུགས་པ་ཡིན།
    http://www.esnips.com/nsdoc/26fd8d77-f2b7-431f-afb2-75d711439dbe/?action=forceDL
    fontrouter གོང་གི་འབྲེལ་ཐག་ནས་ཕབ་ལེན་དང་ཐོ་འགོད་བྱས་པ་ཡིན།

    ReplyDelete
  67. ཉོ་ཀི་ཡ་ N8 ནང་དུ་བོད་ཡིག་བླུགས་ན་ཇི་འདྲ་བྱེད་དགོས་སམ།

    ReplyDelete
  68. ད་བར་བླུགས་ཐུབ་ཀྱི་མི་འདུག

    ReplyDelete
  69. ནོ་ཀི་ཡ་N8 ནང་དུ་བླུགས་མི་ཐུབ་པ་ཅི་ཡིན་ནམ། འདི་ནི་དེང་སང་ཐོན་གྲ་ཤོས་ཀྱི་གྲས་རེད་པ། ཐབས་ཤེས་འདྲ་ཨེ་འདུག་ལྟོས་དང་།

    ReplyDelete
  70. ར་ས་ཕོ་ཉ་ལགས།(LG)GS290ནང་བོད་ཡིག་བླུགས་ཐུབ་ཀྱི་འདུག་མིན་ཅིག་བལྟ་རོགས་གནང།ཇཐུགས་རྗེས་གཟིགས།
    ལེགས་བཟང་ནས

    ReplyDelete
  71. ཁ་པར་ནང་བོད་ཡིག་དགོས་ན། ནོ་ཁེ་ཡའི་མཉེན་ཆས་symbian གསུམ་པ་དང་ལྔ་པ་ཅན་དང་། ཡང་ན་ཨེན་ཌོའི་ཊེ་android མཉེན་ཆས་ཅན་དང་། དེ་མིན་ཀུ་ཤུའི་ཁ་པར་དང་རྒྱ་ནག་གི་ཁ་པར་དེ་འདྲ་དགོས་འདུག ལེགས་བཟང་ལགས། ཉིད་ཀྱི་དེར་ཡོང་གི་མ་རེད་བསམས། ར་ས་ཕོ་ཉས།

    ReplyDelete
  72. ར་ས་ཕོ་ཉ་ལགས།
    ཁྱེད་ཀྱིས་བཀའ་བཞྀན་གུས་པས་ཞུས་ཀྱང་ད་དུང་ཡིག་གཟུགས་ཕབ་ལེན་ཐུབ་ཀྱི་མིན་འདུག་པས་ཁྱེད་ཀྱིས་གཤམ་གསལ་དྲ་བྱང་ཐོག་བསྐུར་ཐབས་གནང་རོགས་ཞུ།

    dhagrye88@gmail.com

    གང་མགྱོགས་ཡོང་བ་ཞུ།

    ReplyDelete
  73. དགོངས་དག་དྲ་བྱང་ནོར་འདུག
    dhargye88@gmail.com

    ReplyDelete
  74. ར་ས་ཕོ་ཉ་ལགས།
    ཅིའི་ཕྱིར་ངའི་གཏམ་ལ་ལེན་མེད་པ་རེད།

    ངོ་མ་སེམས་པ་སྐྱོ་ཡ། སྒུག་སྒུག་ནས་རྐུབ་ན་སོང་། ད་འགྲོ་ཡི་ཡིན་ལ་རྗེས་མར་འདིར་ཡོང་གི་མིན།

    ReplyDelete
  75. ཉིན་ཤས་འདིར་སླེབས་མ་ཐུབ་པས་དགོངས་དག གྲོགས་པོ་དར་རྒྱས་ལགས། ཁྱེད་ཀྱི་ཁ་པར་ག་རེ་རེད།

    ReplyDelete
  76. ཁྱེད་རང་གི་ཁ་པར་ཨ་གྲངས་ཞིག་སྤྲད་ཐུབ་ན་ཡག་པོ་འདུག།་
    གང་ཡིན་ཟེར་ན་མོ་བེལ་ནང་བོད་ཡིག་ཀླུག་གཏང་སྐོར་ཞིག་ལབ་སྟོན་ཞུས་དགོས་འདུག་།
    དྲྭ་རྒྱ་ཐོག་ནས་ཞེད་དྲག་གི་ཁག་པོ་རེད་འདུག་བྱུང་ནང་ཁ་པར་ནང་སྐད་ཆ་བྱུང་ན་ཡག་པོ་འདུག།


    སྐྱ་རེངས་བོད་ཀྱི་དྲྭ་བ་ལགས་ཐུགས་རྗེ་གཟིགས།

    ReplyDelete
  77. i used this web address (http://www.esnips.com/nsdoc/26fd8d77-f2b7-431f-afb2-75d711439dbe/?action=forceDL)but its usless so can you tell me other way to access web site to install in nokia phone... its urgent so reply me as soon as possible....thank you. mail me on yeshikelsang@yahoo.com

    ReplyDelete
  78. Try twice time

    ReplyDelete
  79. Tsega IBD Dasa2/25/2012 4:32 PM

    1. Go to esnips.com
    2. search for nokia tibetan font
    3. select the nokia tibetan font
    4. click on the download button.
    5. esnips downloader(1.5 MB) will be downloaded. Install it on ur cmptr
    6. again click on download button as we did in 4
    7. 10 MB file will be downloaded. it contain all the six files.

    ReplyDelete
  80. font router shows corrupted. certificate error..?

    ReplyDelete
  81. དྲན་བྱང་memory chip ནང་གི་data ཞེས་པའི་ནང་font་ཞེས་པ་དེ་ག་འདྲ་བྱེད་ནས་བཟོ་དགོས་མིན་རོག་རམ་ལན་འདེབས་ཞིག་གནང་རོག་ཞུ་རྒྱུ་བཅས་་་་dojee.2009@yahoo.com ནས།།།།།།།།།།།།།།

    ReplyDelete
  82. ཙི་ཙིའི་གཡས་ཕྱོགས་བསྣུན་ནས་དེའི་ནང་གི་new ཞེས་པ་དེ་འདེམས་ནས་ཡང་། དེའི་ནང་གི་folder ཞེས་པ་དེ་འདེམས་དགོས། མིང་ལ་font བྲིས་ན་དེ་ག་རེད།

    ReplyDelete
  83. ར་ས་ཕོ་ཉ་ལགས་ངའི་ཁ་པར་ཐོ་འགོད་བྱེད་དུས་འདི་ལྟ་བུ་ཞིག་ཤར་ནས་ཆུ་ཚོད་གཉིས་སྒུག་ཀྱང་གང་ཡང་ཡོང་ཡ་མི་འདུག་པས་ཐུགས་རྗེ་ཆེ་ལམ་སྟོན་ཞིག་གནང་རོགས་ཞུ།
    首页 > IMEI查询|在线直签

    串号IMEI:3583150361xxxxx
    品牌型号:Nokia x6
    发行时期:
    系统类型:s60v5
    注:如果型号不正确,请点击这里修改!

    系统正在对您的IMEI(3583150361xxxxx)首次运行直签进行初始化工作,请稍后(2小时内)再试即可进行在线签名

    ReplyDelete
  84. ར་ས་ཕོ་ཉ་ལགས་ངའི་ཁ་པར་ཐོ་འགོད་བྱེད་དུས་འདི་ལྟ་བུ་ཞིག་ཤར་ནས་ཐོ་འགོད་བྱེད་ཐུབ་ཀྱིན་མི་འདུག་པས་ཐུགས་རྗེ་ཆེ་ལམ་སྟོན་ཞིག་གནང་རོགས་ཞུ།
    首页 > IMEI查询|在线直签

    串号IMEI:3583150361xxxxx
    品牌型号:Nokia x6
    发行时期:
    系统类型:s60v5
    注:如果型号不正确,请点击这里修改!

    系统正在对您的IMEI(3583150361xxxxx)首次运行直签进行初始化工作,请稍后(2小时内)再试即可进行在线签名

    ReplyDelete
  85. ང་ལ་ཡང་དཀའ་ངལ་འདི་ཕྲད་ཀྱིན་འདུག་པས་གནས་སྐབས་བོད་ཡིག་མཐོང་ཙམ་གྱི་ཆེད་དུ་གཤམ་གྱི་འབྲེལ་མཐུད་དེར་ཕེབསདང།
    http://www.tibettimes.net/blogs.php?id=191
    དེར་ཐབས་ལམ་ཞིག་ཡོད་རེད། འོན་ཀྱང་དེས་བོད་ཡིག་འབྲི་ཐུབ་ཀྱི་མ་རེད། གསར་འགྱུར་སོགས་ཀློག་ཐུབ།

    ReplyDelete
  86. གྲོགས་པོ་རྣམ་པ་ཚོ། སྐབས་གཅིག་རིང་ཚོགས་ཁོ་རང་ནང་ལྷུང་ནས་དྲ་བའི་སྐུད་པའི་སྒང་ཡོང་རྒྱུ་མ་བྱུང་བས་དགོངས་ཚོམ་མེད་པ་ཞུ། བདུན་ཕྲག་འགའ་སྔོན་ནས་ངོས་རང་ནས་ཀྱང་ནོ་ཁེ་ཡའི་ཁ་པར་ནང་བོད་བླུགས་ཐབས་སུ་བརྩོན་ཀྱང་ཁྱེད་རྣམ་པ་ལྟར་དཀའ་ངལ་འཕྲད་དེ་བླུགས་ཐུབ་མ་སོང་། ཕྱིས་སུ་བླུགས་ཐུབ་ཀྱི་ཡོད་པ་ཤེས་འཕྲལ་འདི་ལན་ཞུ་ཆོག

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com