Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Sunday, December 4, 2011

བརྙན་དེབ་གསར་འདོན་གྱི་གསལ་བརྡ།

ལྷག་བསམ་དང་ཤེས་འཇོན་གྱིས་ཕྱུག་པའི་རྩོམ་པ་པོ་དང་སྦྱིན་བདག་རྣམས་ཀྱིས་རྒྱབ་སྐྱོར་ལས། འདི་ནས་༢༠༡༢ ལོའི་དུས་འཁོར་དབང་ཆེན་སྐབས་དང་བསྟུན་ནས་༼སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་བཞི་པ་༽དེ་འགྲེམས་སྤེལ་བྱེད་བརྟེན་ཁེལ་སོང་། ད་བར་འདོན་སྤེལ་ཟིན་པའི་སྐྱ་རེངས་བརྙན་དེབ་གསུམ་པོ་ལྟར་ད་ལན་གྱི་བརྙན་དེབ་བཞི་པ་འདིའི་ནང་དུ་ཡང་། ནང་ཆོས་ངོ་སྤྲོད་དང་བྱིས་སྒྲུང་། མུ་འབྲེལ་སྒྲུང་གཏམ་དང་ཚན་རིག་ཤེས་བྱ། ནང་ཆོས་ཐད་དྲི་བ་དྲིས་ལན་སོགས་ཀྱི་བརྗོད་བྱ་སྣ་མང་འགོད་ཐབས་ཞུ་ཡོད་ན། མི་རིགས་ཀྱི་ཤེས་ཡོན་ལ་ལྷག་བསམ་གྱི་བ་དན་འཆའ་བ་རྣམས་ཀྱིས་བརྙན་དེབ་དེ་ཉིད་སྤུད་གཟིགས་དང་གང་སར་འགྲེམས་སྤེལ་ཡོང་བར་རོགས་རམ་ཡོད་པ་མཁྱེན།

སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་རྩོམ་སྒྲིག་ཁང་ནས།

1 comment:

  1. འདོན་ལ་ཉེ་བའི་སྐྱེ་རེངས་དུས་དེབ་འདིས་བོད་མི་རིགས་ཀྱི་རིག་གཞུང་ལ་ཕན་བདེའི་བྱ་གཞག་བསྐྲུན་པའི་རེ་སྨོན་ཡོད། མུ་མཐུད་འདོན་སྤེལ་བྱོས།

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com