Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Thursday, June 9, 2011

བཙན་བྱོལ་བོད་ཕྲུག་ཚོའི་འཛིན་གྲྭ་བཅུ་པའི་རྒྱུགས་ཚད།


ཕྱི་ལོ་ ༢༠༡༡ ལོའི་བཙན་བྱོལ་བོད་མིའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་ཞུགས་མཁན་ཁྱོན་སློབ་གྲྭ་ ༢༨ ཙམ་ཡོད་པའི་ནང་། ཐེངས་འདིའི་ཡིག་རྒྱུགས་ནང་ཞུགས་ཆོག་པའི་སློབ་མ་གྲངས་ ༡༨༧༩ དང་། དངོས་སུ་ཡིག་རྒྱུགས་ཀྱི་ཆ་ཤས་ལེན་མཁན་ ༡༨༦༤ ཡོད་པའི་ཁྲོད། སློབ་ཕྲུག་བུ་ ༩༣༥ དང་བུ་མོ་ ༩༢༩ ཙམ་བྱུང་འདུག ཡིག་རྒྱུགས་འཕྲོད་མཁན་ ༡༨༤༤ ཙམ་བྱུང་ཡོད་པ་དང་། ཡིག་རྒྱུགས་འཕྲོད་མེད་མཁན་ ༢༠། ཡིག་རྒྱུགས་གཏོང་མ་ཐུབ་མཁན་ ༡༡ བཅས་རེད། ད་ལོའི་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༨།༩༣ ཡིན་པ་དང་། སྔར་ལོའི་བརྒྱ་ཆ་ ༩༡།༤༤ དང་བསྡུར་ན་མཐོ་རུ་ཕྱིན་ཡོད་པ་རེད།

འདི་ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་ཨང་དང་པོ་ཐོབ་མཁན་ནི། ཀོ་ལི་སྒར་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་དབང་ཕྱུག་དང་། སིམ་ལ་གཏན་སློབ་ཀྱི་སློབ་མ་པཱ་ར་ཌེ་བྷ་ཇཱ་སི་ཝ། སི་ལ་ཀོ་བོད་ཁྱིམ་གྱི་བསྟན་འཛིན་དཔལ་སྒྲོན། སྦེལ་ཀོབ་གཏན་སློབ་ཀྱི་བསྟན་འཛིན་ནོར་འཛོམས་སོགས་ཡིན་ཞིང་། ཁོང་ཚོར་ཐེངས་འདིའི་ཡིག་རྒྱུགས་ནང་སྐར་གྲངས་བརྒྱ་ཆ་ ༡༠༠ རེ་ཐོབ་ཡོད་འདུག ཨང་གཉིས་པ་ཐོབ་མཁན་དག་ནི། མ་སུ་རི་བོད་ཁྱིམ་གྱི་སི་ཕན་ཌན་རོ་ཊི་དང་། སི་ལ་ཀོ་བོད་ཁྱིམ་གྱི་བསྟན་འཛིན་ཀུན་ཁྱབ། སི་ལ་ཀོ་བོད་ཁྱིམ་གྱི་བསྟན་འཛིན་ལྷ་མཚོ། སྦེལ་ཀོབ་གཏན་སློབ་ཀྱི་བསྟན་འཛིན་དབང་ཕྱུག་བཅས་རེད། ཁོང་ཚོའི་ཡིག་རྒྱུགས་ཀྱི་སྐར་གྲངས་བརྒྱ་ཆ་ ༩༨།༢ རེ་ཐོབ་འདུག

འདི་ལོར་འཛིན་རིམ་བཅུ་པའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་ཞུགས་མཁན་གྱི་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་ལ་གྲུབ་འབྲས་ཆེན་པོ་བྱུང་ཡོད་པ་མ་ཟད། སློབ་གྲྭ་ཁག་ ༢༠ ཙམ་གྱིས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ རེ་ལོན་ཡོད་པ་དང་། སློབ་གྲྭ་དེ་དག་ནི། ཅན་ཌིར་གྷ་རི་ཉིན་སློབ་དང་། སུ་ཇ་བོད་ཁྱིམ། ཅོང་ཏ་ར་ཉིན་སློབ། རྡོ་རྗེ་གླིང་གཏན་སློབ། སྦེལ་ཀོབ་( CVP )གཏན་སློབ། ཌོ་ལན་ཇི་ཉིན་སློབ། གྷོ་རུ་ཕོར་ཉིན་སློབ། ཀ་སྦུག་གཏན་སློབ། ཀོ་ལི་གྷར་གཏན་སློབ། མོན་གྷོ་གཏན་སློབ། མ་སུ་རི་གཏན་སློབ། སིམ་ལ་གཏན་སློབ། སོ་ཎ་ཌ་ཉིན་སློབ། སམ་བྷོ་ཊ་བྷོ་ཌར་སློབ་གྲྭ ཅོང་ཏ་ར་བོད་ཁྱིམ། ངྷ་ཤོད་བོད་ཁྱིམ། སི་ལ་ཀོ་བོད་ཁྱིམ། བྷེལ་ཀོབ་བོད་ཁྱིམ། མ་སུ་རི་བོད་ཁྱིམ། རཱ་ཅི་པུར་བོད་ཁྱིམ་བཅས་ཡིན་འདུག
ཕྱི་ལོ་ ༢༠༡༡ ལོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་སྐྱོ་ཤོས་དེ་སྦེལ་ཀོབ་གཏན་སློབ་ཡིན་ཞིང་། སློབ་གྲྭ་དེའི་ཡིག་རྒྱུགས་གྲུབ་འབྲས་ ༨༨།༨༩ ཙམ་ཡིན་འདུག ཡིག་རྒྱུགས་གྲུབ་འབྲས་སྐྱོ་ཤོས་ཨང་གཉིས་པ་དེ་རྡེ་ར་རྡུན་ཀ་ལ་མན་གྲོང་ནེ་རུ་དྲན་རྟེན་སློབ་གྲྭ་ཡིན་པ་དང་། སློབ་གྲྭ་དེའི་ཡིག་རྒྱུགས་འབྲས་གྲུབ་འབྲས་ ༩༠།༤༨ ཙམ་ཡིན་འདུག ཡིག་རྒྱུགས་གྲུབ་འབྲས་སྐྱོ་ཤོས་ཨང་གསུམ་པ་དེ་པོན་ཊ་གཏན་སློབ་ཡིན་ཞིང་། སློབ་གྲྭའི་ཡིག་རྒྱུགས་གྲུབ་འབྲས་ ༩༥།༥༦ བཅས་རེད། བོད་ཀྱི་དུས་བབ་ནས་དྲངས།

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com